གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

འབྲུག་ལུ་ཡང་ ཤི་རྐྱེན་གྱི་རྒྱུ་ཅིག་འདི་ འབུ་ནི་མེད་པའི་ནད་གཞི་འདི་ཨིནམ།

སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༥

NCD-dzong-༉ འབུ་ནི་མེད་པའི་ནད་གཞི་འདི་ འབྲུག་རྒྱལ་ཁབ་ནང་ལུ་ཡང་ གདོང་ལེན་སྦོམ་སྦེ་རང་ཡོད་པའི་ གསོ་བའི་གནད་དོན་ཅིག་ཨིན།

འདི་འབདཝ་ལས་ གནད་དོན་འདི་ སྤ་རོ་ལུ་ གསོ་བའི་གྲོས་འཛོམས་ཚོགས་ས་ལུ་ གནད་དོན་གཙོ་བོ་ཅིག་སྦེ་ གྲོས་བསྡུར་ཚུ་བྱུང་ནུག

འཛམ་གླིང་གསོ་བའི་ཚོགས་པ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༢་ལུ་ མི་ས་ཡ་༥༦་ལུ་ཤི་རྐྱེན་བྱུང་ས་ལས་ ས་ཡ་༣༨་འདི་ འབུ་ནི་མེད་པའི་ནད་གཞི་ལས་བརྟེན་ཏེ་བྱུང་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ འབྲུག་ལུ་ཡང་ ན་ཧིང་ འབུ་ནི་མེད་པའི་ནད་གཞི་ལས་བརྟེན་ཏེ་ མི་བརྒྱ་ཆ་༥༦་ལུ་ཤི་རྐྱེན་བྱུང་སྟེ་ཡོདཔ་སྦེ་ཨིནམ་ལས་ མཐོ་ཤོས་ཅིག་ཨིན་མས།

ད་རུང་ འབུ་ནི་མེད་པའི་ནད་གཞི་ཐོབ་མི་གི་གྱངས་ཁ་འདི་ཡང་ ལོ་བསྟར་བཞིན་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་མས།

འབྲུག་ལུ་ འབུ་ནི་མེད་པའི་ནད་གཞི་ཚུ་ཡང་ ཁྲག་ཤུགས་དང་གུ་རམ་ དེ་ལས་ དོན་ཧིང་གི་ནད་གཞི་དང་ཀེན་སར་ཚུ་ཨིན་མས།

ཨིན་རུང་ མི་དམངས་གསོ་བའི་མདོ་ཆེན་ པཱན་གྲུབ་ཚེ་རིང་གིས་སླབ་མི་ནང་ ནད་གཞི་འདི་ཚུ་ བཀག་ཐབས་འབད་ཚུགས་པའི་ནད་གཞི་ཅིག་འབདཝ་ལས་ གསོ་བའི་ལས་སྡེ་གིས་ འདི་གི་དོན་ལུ་ ལཱ་ཚུ་འབད་ནི་འགོ་བཙུགས་ཡོད་ཟེར་བཤད་ཅི།

ཉིནམ་གསུམ་གྱི་རིང་འགོ་འདྲེན་འཐབ་ནི་ཨིན་མི་ལས་རིམ་འདི་ནང་ལུ་ གསོ་བའི་ལྷན་ཁག་དང་ འབྲེལ་ཡོད་ལས་སྡེ་ཚུ་ནང་ལས་ འགོ་དཔོན་༡༣༠་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ཡོདཔ་ཨིན།