གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཨར་བརྐུན་ནང་འབྲེལ་བ་ཡོད་མི་༦བཟུང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༦ ༢༠༡༥

theft༉ ཁྲིམས་སྲུང་འགག་པ་གིས་ ད་རེས་ཀྱི་ཟླཝ་ནང་ ཐིམ་ཕུག་ལུ་ ཨརཝ་བརྐུ་མི་གི་ནང་ འབྲེལ་བ་ཡོད་པའི་ ཉེས་འཛུགས་ཅན་༦དེ་ཅིག་བཟུང་ནུག

ཉེས་འཛུགས་ཅན་ཚུ་ཡང་ ཨར་བརྐུན་གྱི་གནད་དོན་ལ་ལུ་ཅིག་ ད་ལྟོ་ཞིབ་དཔྱད་འབད་བའི་བསྒང་ར་ཡོད་མི་ཚུ་རྩིས་ཏེ་ ཨར་བརྐུན་ཁག་༣༩དེ་ཅིག་ནང་ལུ་འབྲེལ་བ་ཡོདཔ་ཨིན་མས།

ཉེས་འཛུགས་ཅན་ལ་ལུ་ཅིག་ ཧེ་མ་ལས་ཡང་ འདི་བཟུམ་གྱི་ལཱ་ངན་པ་འབད་དེ་ བཟུང་ཡོད་མི་ཚུ་ཨིན་མས། ཨར་བརྐུན་ཁག་༦འདི་ དུས་ཅི་ སྤྱི་ཟླ་༧པ་ལས་༨པ་གི་བར་ན་བྱུང་ཡོདཔ་ཨིན་མས།

སྤྱི་ལོ་༢༠༡༣ལུ་ ཐིམ་ཕུག་ལག་བཟོ་ཚོང་ཁྲོམ་གྱི་ ལག་བཟོ་ཚོང་ཁང་གཅིག་གི་ཇོ་བདག་གིས་ མོ་གི་ཚོང་ཁང་ནང་ལས་ དཀྱི་ར་༡༣དེ་ཅིག་ ཨརཝ་ཤོར་ཡི་ཟེར་ ཁྲིམས་སྲུང་འགག་སྡེ་ནང་ སྙན་ཞུ་འབད་བའི་ཤུལ་མ་ ཁྲིམས་སྲུང་འགག་པ་གིས་ དུས་ཅི་ ཉེས་འཛུགས་ཅན་འདི་བཟུང་སྟེ་ དཀྱི་ར་༡༡ལོག་ཐོབ་ནུག

ཉེས་འཛུགས་ཅན་འདི་གིས་ ཐིམ་ཕུག་གི་ ས་གནས་ཁག་༤དེ་ཅིག་གི་ནང་ལས་ ཅ་ཆས་མ་འདྲཝ་ཚུ་ ཨརཝ་བརྐུ་ཡོད་པའི་ ཉེས་འཛུགས་ཕོག་ཡོདཔ་ཨིན།

ཁྲིམས་སྲུང་འགག་པ་གིས་ ས་གནས་ཁག་གཉིས་ཀྱི་ནང་ལས་ ཨརཝ་ཤོར་ཏེ་ཡོད་མི་ ཅ་ཆས་ཚུ་ག་ར་ དུས་ཅི་ ལོག་ཐོབ་ཡོདཔ་དང་ ཅ་ཆས་ཚུ་ཡང་ གློག་རིག་གི་ཅ་ཆས་དང་ གོ་ལ་གི་རིགས་ཚུ་ཨིནམ་དང་ དངུལ་ཀྲམ་སྟོང་ཕྲག་༤༠ཡང་ ལོག་ཐོབ་ནུག

དེ་ལས་ ད་རུང་ ས་སྒོ་གཞན་མི་གཉིས་ཀྱི་ནང་ལས་ ཅ་ཆས་ཨརཝ་ཤོར་མི་ཚུ་ལས་ ཕྱེ་ཀ་ལྷགཔ་ཅིག་ར་ ལོག་ཐོབ་ཡོདཔ་དང་ ཉེས་འཛུགས་ཅན་འདི་གི་ནང་ལས་ མིག་ཏོག་༣འབད་མི་ གཟི་འདི་ཡང་ ལོག་ཐོབ་ནུག

ཉེས་འཛུགས་༦གི་གྲལ་ལས་ ཁོང་མང་ཤོས་ཅིག་ར་ སྐྱེས་ལོ་༡༧ཡན་ཆད་འབད་མི་ཚུ་ཨིན་མས།