གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

རྩིས་ཞིབ་སྙན་ཞུ་ནང་རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་སྡོད་ཁྱིམ་སྐོར།

སྤྱི་ཟླ་༨ པའི་ཚེས་ ༢༦ ༢༠༡༥

  Nppf ༉ སྤྱི་ལོ་༢༠༡༤་གི་རྩིས་ཞིབ་སྙན་ཞུ་དང་འཁྲིལཔ་ད་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ འཐུས་མི་མེན་མི་ སྒེར་གྱི་མི་ངོམ་ཚུ་ལུ་ཡང་ སྡོད་ཁྱིམ་འདི་ཚུ་འབྱིན་ཏེ་ཡོདཔ་ལས་ ལམ་ལུགས་དང་སྒྲིག་གཞི་ལས་ འགལ་ཏེ་འདུག་ཟེར་ཨིན་མས།

སྡོད་ཁྱིམ་འཛིན་སྐྱོང་གི་ལམ་ལུགས་དང་སྒྲིག་གཞི་འདི་ནང་ལུ་ སྡོད་ཁྱིམ་འདི་ཡང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་འཐུས་མི་ཚུ་གིས་ ཐོབ་ཐངས་ཡོདཔ་སྦེ་འཁོད་དེ་ཡོདཔ་ཨིན་མས།

རྩིས་ཞིབ་སྙན་ཞུ་དང་འཁྲིཔ་ད་ལུ་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱི་སྡོད་ཁྱིམ་༡༢་ནང་ལུ་ འཐུས་མི་མེན་མི་ སྒེར་གྱི་མི་ངོམ་ཚུ་འཛུལ་ཏེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཁང་གླ་དངུལ་ཀྲམ་འབུམ་༤་ལྷགཔ་ཅིག་འབད་མི་འདི་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ཁོ་ར་གིས་ མ་བསྡུ་བས་ཟེར་ཨིན་མས།

ད་རུང་ སྙན་ཞུ་འདི་དང་འཁྲིཔ་ད་ལུ་ ཟླ་རིམ་བཞིན་གྱི་ཁང་གླ་བསྡུ་ནི་གི་ཐད་ཁར་ བལྟ་རྟོགས་འབད་མི་མེད་ནི་འདི་གིས་ ཁང་གླ་ཁར་སྡོད་མི་ཚུ་གིས་ཡང་ ཁང་གླ་ཚུ་སྤྲོད་ནི་ནང་ འཐུས་ཤོར་ཏེ་འདུག་ཟེར་ཨིན་མས།

གནད་དོན་འདི་གི་ཐད་ཁར་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ ག་ནི་ཡང་ སླབ་མ་བཏུབ།