གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

བུམ་ཐང་ཁྲོམ་གྱི་འཁོར་ལམ་འདི་ སྐྱོ་དྲག་ཅིག་ལུ་འགྱུར་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༥

chamkhar road condition༉ བུམ་ཐང་ ལྕམ་མཁར་ཁྲོམ་གྱི་ འཁོར་ལམ་གནས་སྟངས་འདི་ ལེགས་ཤོམ་ཅིག་མེདཔ་ལས་ ལམ་འགྲུལ་འབད་མི་དང་ སྣུམ་འཁོར་བཏང་མི་གཉིས་ཆ་ར་ལུ་ དཀའ་ངལ་འབྱུང་སྟེ་སྦེ་འདུག

འདི་གི་ནང་ལས་ཡང་ ད་རེས་ནངས་པ་ ཆརཔ་བརྐྱབ་པའི་དུས་ཚོད་ཁར་ གནས་སྟངས་འདི་ ཧེང་བཀལ་སྐྱོ་དྲག་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན་མས།

ལྕམ་མཁར་ཁྲོམ་འདི་ཁར་ལས་ ཉིན་བསྟར་བཞིན་དུ་ར་ སྣུམ་འཁོར་བརྒྱ་ལས་བཅད་དེ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ འཁོར་ལམ་གྱི་གནས་སྟངས་འདི་ ལེགས་ཤོམ་ཅིག་མེད་མི་ལས་བརྟེན་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན་མས།

སྟེ་ ཁྲོམ་འདི་ནང་གི་ འཁོར་ལམ་ས་ཁོངས་ མང་ཤོས་ཅིག་གི་ནང་ལུ་ ཧ་ཀ་ཧོག་ཀ་ཐོན་ཏེ་ཡོདཔ་ད་ འདི་ཚུ་ ཉམས་བཅོས་མ་འབད་བར་ ལོ་དག་པ་ཅིག་སོང་ནུགchamkhar road condition-

ཁྲོམ་འདི་ནང་གི་ མི་ཚུ་གིས་སླབ་མི་ནང་ ཁྲོམ་འདི་ནང་གི་འཁོར་ལམ་ཚུ་ ཉམས་བཅོས་འབད་ནི་གི་དུས་ཚོད་འདི་ རན་ར་རན་ཆི་ཟེར་ཨིན་རུང་ རྫོང་ཁག་གི་ཁ་ཐུག་ལས་ ག་ནི་ཡང་འབད་ས་ཅིག་ མི་མཐོང་པས་ཟེར་བཤད་ཅི།

སྟེ་ ཁྲོམ་སྡེ་འཐུས་མི་ ཀརྨ་གིས་སླབ་མི་ནང་ ད་ལྟོ་ཚུན་གྱི་རིང་ འཁོར་ལམ་ཚུ་ ཉམས་བཅོས་འབད་མ་ཚུགས་མི་འདི་ཡང་ མ་དངུལ་མེད་མི་ལས་བརྟེན་ ལུས་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ད་རེས་འབདཝ་ད་ ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་རྒྱ་སྐྱེད་དང་ དེ་ལས་ བཙོག་གཡུར་དང་ བཙོག་ཆུ་གཏང་སའི་ ས་སྒོ་བཟོ་ནི་གི་དོན་ལས་ མ་དངུལ་ས་ཡ་༣དེ་ཅིག ཆ་འཇོག་གནང་ཡོདཔ་ལས་ དཀའ་ངལ་འདི་ འཕྲལ་མགྱོགས་ར་ སེལ་ཚུགས་ཟེར་ཨིན་མས།