གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

མཆོད་རྟེན་ནང་རྟེན་དང་འབྲེལ་བའི་ ཉེས་འཛུགས་ཀྱི་གནས་ཚུལ།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༥

MonggarChortenCase༉ མོང་སྒར་གྱི་ ཁྲིམས་སྲུང་འགག་པ་གིས་ བཀྲིས་གཡང་རྩེ་རྫོང་ཁག་ གཡང་རྩེ་རྒེད་འོག་ སྒང་མཁར་གཡུས་ཚན་གྱི་ཚོགས་པ་ལུ་ མཆོད་རྟེན་གྱི་ ནང་རྟེན་དང་འབྲེལ་བའི་ ཉེས་འཛུགས་བཀལ་ཏེ་ཡོད་མི་སྐོར་ ཞིབ་དཔྱད་འབད་བའི་སྐབས་ ཚོགས་པ་འདི་ལུ་ འཛོལ་བ་གནམ་མེད་ས་མེད་ཅིག་ར་ མེདཔ་སྦེ་མཐོང་སྟེ་སྦེ་འདུག

སྟེ་ འདས་པའི་ཟླཝ་ནང་ གཡང་རྩེ་རྒེད་འོག་ སྒང་མཁར་གཡུས་ཚན་ནང་ལས་ མི་གཅིག་གིས་ གཡུས་ཚན་འདི་ལུ་ མ་ནི་དྭངས་རིངམོ་མཆོད་རྟེན་གཅིག་ རམ་འགྱོ་མི་འདི་གི་ནང་བརྟེན་ཚུ་ ཚོགས་པ་འདི་གིས་ ཁྲིམས་འགལ་གྱི་ཐོག་ལས་ བསྡུ་བཞག་ཡོད་པའི་ ཉེས་འཛུགས་སྐྱེལ་ཡོདཔ་ཨིན།

འདི་ཡང་ ཉེས་འཛུགས་སྐྱེལ་མི་འདི་གིས་སླབ་མི་ནང་ ན་ཧིང་སྤྱི་ཟླ་༡༡པའི་ནང་ ཚོགས་པ་འདི་གིས་ འབྲེལ་བ་ཡོད་པའི་འགོ་དཔོན་ག་ལུ་ སྙན་ཞུ་མ་འབདཝ་མ་ཚད་ བར་ན་ འཛོམས་དཔང་ཡང་ ག་ཡང་མེད་པར་ ནང་རྟེན་ཚུ་ བསྡུ་བཞག་ནུག་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ ནང་རྟེན་ཚུ་ བསྡུ་བཞག་ཞིནམ་ལས་རྐྱངམ་ཅིག་ གནད་དོན་འདི་གི་སྐོར་ལས་ ཁྲིམས་སྲུང་འགག་པ་དང་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་མས།

འདི་ལུ་ ཚོགས་པ་འདི་གིས་སླབ་མི་ནང་ དེ་སྦེ་ནང་རྟེན་ཚུ་ བསྡུ་བཞག་དགོ་མི་འདི་ཡང་ ཁོ་རའི་འགན་ཁུར་དང་བསྟུན་ འབད་ཡོདཔ་མ་གཏོགས་ ཁྲིམས་འགལ་གྱི་ལཱ་ག་ནི་ཡང་ འབད་འབདཝ་མེད་ཟེར་ཨིན་མས།

ད་རུང་ ཚོགས་པ་འདི་གིས་སླབ་མི་ནང་ མི་འདི་གིས་ ཁོ་ལུ་ ངལ་མ་རངམ་ཡོདཔ་ལས་ ད་རེས་ཀྱི་གནས་སྟངས་འདི་ གོ་སྐབས་ཅིག་སྦེ་ལེན་ཏེ་ ཉེས་འཛུགས་སྐྱེལཝ་མས་ཟེར་ཨིན་མས།

ཚོགས་པ་གིས་སླབ་མི་ནང་ མཆོད་རྟེན་རམ་འགྱོ་སྟེ་ཡོད་མི་འདི་གི་ ནང་བརྟེན་ཚུ་བསྡུ་བའི་བསྒང་ར་ པར་བཏབ་ཞིནམ་ལས་ ཡོངས་འབྲེལ་གྱི་ མི་སྡེའི་བརྡ་བརྒྱུད་གི་ཐོག་ལས་ རྒཔོ་ལུ་བཏང་ཡི་ཟེར་ཨིན་མས།

ད་རུང་ཁོ་གིས་སླབ་མི་ནང་ མཆོད་བརྟེན་ཚུ་ལུ་ བྱ་ངན་ཚུ་བྱུང་པའི་སྐབས་ འདི་ཁར་ལུས་ཏེ་ཡོད་མི་ ནང་རྟེེན་ཚུ་ར་འབད་རུང་ མཆོད་རྟེན་ཉམས་གསོ་ཞུ་བའི་སྐབས་ལུ་ ལོག་སྟེ་བཙུགས་ནི་གི་དོན་ལས་ ཚོགས་པ་ཚུ་གི་ལག་པ་ར་ བཞག་དོ་ཟེར་ཨིན་མས།

སྟེ་ གནད་དོན་འདི་གི་སྐོར་ མོང་སྒར་གྱི་ ཁྲིམས་སྲུང་མགོ་བདག་གིས་ འགོ་འཁྲིད་འབད་དེ་ ཁྲིམས་སྲུང་འགག་པ ་སྡེ་ཚན་གཅིག་གི་སྦེ་ ཞིབ་དཔྱད་འགོ་འདྲེན་འཐབ་ནུག

ཞིབ་དཔྱད་འབད་བའི་སྐབས་ལུ་ ཚོགས་པ་འདི་གིས་ མནོ་བསམ་ལེགས་ཤོམ་བཏང་སྟེ་ ལཱ་འབད་ཡོདཔ་མ་ཚད་ གནད་དོན་འདི་ འབྲེལ་ཡོད་དབང་འཛིན་ལུ་ཡང་ སྙན་ཞུ་འབད་དེ་ཡོདཔ་སྦེ་མཐོང་ནུག