གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཕྱི་འབྲེལ་བློན་པོ་རིན་འཛིན་རྡོ་རྗེ་གིས་ ཁོ་ལུ་ ཉེས་འཛུགས་སྐྱེལ་ཏེ་ཡོད་མི་ཚུ་ ཁྲིམས་དང་ལམ་ལུགས་ལས་ འགལ་ཡོད་པའི་ གནད་དོན་མེནམ་ལས་ ངོས་ལེན་འབད་མི་ཚུགས་ཟེར་བའི་བཤེར་ལེན་ཕུལ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༥

Foreign-Minister-contest-charges-in-Lhakhang-Karpo-case-༉ ཧཱ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ ཁ་ཙ་ ཕྱི་འབྲེལ་བློན་པོ་རིན་འཛིན་རྡོ་རྗེ་གིས་ བཤེར་ལེན་ཕུལ་མི་ནང་ ཁོ་ལུ་ ཉེས་འཛུགས་སྐྱེལ་ཏེ་ཡོད་མི་ཚུ་ ཁྲིམས་དང་ལམ་ལུགས་ལས་ འགལ་ཡོད་པའི་ གནད་དོན་མེནམ་ལས་ ངོས་ལེན་འབད་མི་ཚུགས་ཟེར་ཞུ་ཡི། བློན་པོ་གིས་ཞུ་མི་ནང་ ཁོ་གིས་ ཁྲིམས་འདུན་ལུ་ རྩོད་གཞི་ཕྱེ་ནིའི་དོན་ལུ་ རྒྱབ་མི་ཡང་ མི་འཚོལ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་མས།

ཕྱི་འབྲེལ་བློན་པོ་ལུ་ ཉེས་འཛུགས་ཚུ་ཡང་ རིན་བསྡུར་ཚོགས་ཆུང་ལས་ གནང་བ་མ་ལེན་པར་ ཤིང་དྲྭ་ནི་གི་ལཱ་ཚུ་ ས་གནས་ཀྱི་ཤིང་དྲྭ་ཁང་ཅིག་ལུ་བྱིན་ཡོད་མི་དང་ རྫོང་ཁག་གི་སྣུམ་འཁོར་དྲི་སི་ཨེམ་ འདི་ ཧཱ་ལས་ཐིམ་ཕུག་ལུ་ ཁོ་རའི་ ཤིང་ཆ་སྐྱེལ་འདྲེན་འབད་ནིའི་དོན་ལས་ ལག་ལེན་འཐབ་ཡོད་མི་ཚུ་ཨིན་མས།

བློན་པོ་གིས་ཞུ་མི་ནང་ ཤིང་དྲྭ་ནི་གི་ལཱ་འདི་ རིན་བསྡུར་ཚོགས་ཆུང་གི་ཁ་ཐུག་ལས་ དེ་བསྒང་ བཟོ་བསྐྲུན་ཅ་ཆས་ཀྱི་ གོང་ཚད་ཡར་སེང་འགྱོཝ་ལས་ ཤིང་དྲྭ་ནི་གི་ལཱ་འདི་ གོང་ཚད་ག་དེ་ཉུང་ཉུང་གི་ཐོག་ལུ་འབད་དགོཔ་སྦེ་འབད་ཡོདཔ་ལས་ རིན་བསྡུར་གོང་ཚད་དམའ་ཤོས་བཙུགས་མི་ ཨེལ་དྲི་ཤི་དྲྭ་ཁང་ལུ་ བྱིན་ཡི་ཟེར་ཨིན་མས།

ད་རུང་ བློན་པོ་གིས་ཞུ་མི་ནང་ ཤིང་དྲྭ་ཁང་གི་ ཇོ་བདག་འདི་ ངོ་ཤེས་ནི་ཕར་བཞག་ ཁོ་གི་སྐོར་ལས་ ལོ་རྒྱུས་ཚུ་ཡང་ གོ་གོཝ་མེདཔ་ལས་ ཤིང་དྲྭ་ཁང་གི་ཇོ་བདག་འདི་ལུ་ རྒྱབ་བསྐྱོར་འབདཝ་མས་ཟེར་བའི་ ཉེས་འཛུགས་སྐྱེལ་མི་འདི་ མི་བདེན་ཟེར་ཞུ་ཡི། བློན་པོ་གིས་ཞུ་མི་ནང་ རིན་བསྡུར་ཚོགས་ཆུང་གི་ཁྲི་འཛིན་གཅིག་འབདཝ་ལས་ རིན་བསྡུར་བཙུགས་མི་ཚུ་ གདམ་ཁ་བརྐྱབ་ནི་ནང་ ཐག་བཅད་ཀྱི་དབང་ཚད་ཅིག་འདི་ སྡོད་ཡི་ཟེར་ཨིན་མས། བློན་པོ་རིན་འཛིན་རྡོ་རྗེ་གིས་ ཁྲིམས་ཀྱི་འདུན་ས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ རྩོད་རྩ་ཚུ་ལུ་ ཉེས་འཛུགས་ཁག་གཉིསཔོ་འདི་གི་ རང་བཞིན་སོ་སོ་འབདཝ་ལས་ ན་ཐེན་སྦེ་ དབྱེ་བ་ཕྱེ་དགོ་པའི་ཞུ་བ་ཕུལ་ཡི། དེ་ལས་ རྫོང་ཁག་གི་ སྣུམ་འཁོར་དྲི་སི་ཨེམ་འདི་ ལག་ལེན་འཐབ་ཡོད་པའི་ ཉེས་འཛུགས་ཀྱི་ཐད་ཁར་ བློན་པོ་གིས་ཞུ་མི་ནང་ གཞུང་གི་ལམ་ལུགས་དང་ སྒྲིག་གཞི་དང་འཁྲིལཔ་ད་ ཞི་གཡོགཔ་གཅིག་ལུ་ གནས་སྟངས་དང་བསྟུན་ གཞུང་འཁོར་ལག་ལེན་འཐབ་ཆོགཔ་སྦེ་ཡོད་ཟེར་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ བཤེར་ལན་འདི་ སྤྱི་ཟླ་༣་པའི་སྤྱི་ཚེས་༤་ལུ་ ཕུལ་ནི་ཨིན་མས།