གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

གྲོང་གསེབ་ལས་ ཁྲོམ་ཁ་ལུ་ མི་མང་ཤོས་ཅིག་རང་ མི་ཚེ་གནས་སྟངས་ཡར་དྲག་གཏང་ནི་གི་དམིགས་ཡུལ་སྐྱེད་དེ་ གནས་སྤོ་སྟེ་འོང་དོ་ཡོད་རུང་ གྲུབ་མ་ཚུགས་པར་ལུས་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༥

ScrapDealers༉ གྲོང་གསེབ་ལས་ ཁྲོམ་ཁ་ལུ་ གནས་སྤོ་སྟེ་འོང་མི་ཚུ་གིས་ དམིགས་ཡུལ་ཟེར་རུང་ ཁྲོམ་ཁ་ལུ་ མི་ཚེའི་གནས་སྟངས་འདི་ ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་འདི་ཨིན་མས།

ཨིན་རུང་ ཁོང་མང་ཤོས་ཅིག་ར་ ཁྲོམ་ཁར་ལྷོད་པའི་བསྒང་ལས་ རེ་བ་འདི་ སྒྲུབ་མ་ཚུགས་པར་ལུས་པའི་སྐབས་ ཧེ་མ་ མནོ་བསམ་རང་མ་བཏང་མི་ ཕྱག་བསྙིགས་བསྡུ་བཞིན་ན་བཙོང་ནི་གི་ལཱ་ཚུ་ཡང་ འབད་དགོཔ་འཐོན་ཏེ་སྦེ་འདུག

འདི་བཟུམ་གྱི་གནས་སྟངས་ལུ་ཐུག་མི་ཅིག་འདི་ བུམ་ཐང་ལས་ཨིན་མི་ སྐྱེས་ལོ་༤༨་ལང་མི་ རྡོ་རྗེ་དབང་འདུས་འདང་ ཕོབ་སྦྱིས་ཁ་ལས་འབད་མི་ ཁོ་གི་ཨམ་སྲུ་འདི་ཨིན།

ཁོང་བཟའ་ཚང་གཉིས་ ཐིམ་ཕུག་ལུ་ལྷོད་དེ་ ལོ་ངོ་དྲུག་དེ་ཅིག་ འགྱོ་དོ་ཡོདཔ་ལས་ ཁོང་གཉིས་ཀྱིས་སླབ་མི་ནང་ དེ་སྦེ་ ཐིམ་ཕུག་ལུ་འོང་དགོ་པའི་རྒྱུ་མཚན་འདི་ཡང་ མི་ཚེའི་གནས་སྟངས་ ལེགས་ཤོམ་འགྱོ་བའི་ རེ་བ་བསྐྱེད་དེ་སྦེ་ཨིན་ཟེར་བཤད་ཅི།

འདི་འབདཝ་ད་ ཐིམ་ཕུ་ལུ་ལྷོད་དེ་ ལོ་ངོ་མང་རབས་ཅིག་འགྱོ་སྟེ་ཡོད་རུང་ ཁོང་བཟའ་ཚང་གཉིས་ཀྱི་ རེ་བ་འདི་ སྒྲུབ་མ་ཚུགས་མི་ལས་བརྟེན་ མཐན་མཇུག་ཁར་ལྷོདཔ་ད་ རག་རོག་འདི་ཚུ་ བསྡུ་སྟེ་སྦེ་ མི་ཚེ་སྐྱོང་སྡོད་དགོཔ་ འཐོན་ཏེ་སྦེ་འདུག

ཐིམ་ཕུག་ལུ་ རྡོ་རྗེ་དང་ ཁོ་གི་ཨམ་སྲུ་བཟུམ་སྦེ་ འདི་བཟུམ་གྱི་ལཱ་འབད་དེ་ འཚོ་བ་སྐྱོང་སྟེ་སྡོད་མི་འདི་གཞན་མི་ཡང་ ལེ་ཤཱ་ཅིག་ར་ཡོདཔ་ཨིན།

འདས་པའི་ལོ་ཚུ་ནང་ རག་རོག་བསྡུ་མི་གི་གྱངས་ཁ་དེ་ཡང་ ལེ་ཤཱ་གི་ཡར་སེང་འགྱོ་སྟེ་ཡོདཔ་ལས་ ལཱ་འདི་ཡང་ གནས་སྟངས་ལཱ་ཁག་ཅིག་ལུ་ བསྒྱུར་ཏེ་སྦེ་འདུག

ཁོང་བཟང་ཚང་གཉིས་ གཞན་མི་གི་ས་ནང་ལུ་ གནས་སྐབས་ཀྱི་ སྦ་སྒོར་བཟོ་སྟེ་ སྡོད་དོ་ཡོདཔ་ལས་ ཁོང་གཉིས་ཀྱིས་ ཚ་གྱང་འདི་ཡང་ ད་ལྟོ་སྡོད་སའི་ ས་སྒོ་འདི་ནང་ལས་ ཇོ་བདག་འདི་གིས་ བཏོན་མི་བཏང་ག་ཟེར་མི་འདི་ཨིན་མས།