མི་སེར་དམངས་གཙོའི་ཚོགས་པ་གིས་ སློབ་གྲྭའི་དབྱེ་ཞིབ་ཀྱི་ལམ་ལུགས་གསརཔ་ སང་ཕོད་ལས་ ལག་ལེན་འཐབ་དགོ་པའི་ཞུ་བ།

༉ མི་སེར་དམངས་གཙོའི་ཚོགས་པ་གིས་འབད་བ་ཅིན་ གཞུང་གིས་ སློབ་གྲྭ་ཚུ་ནང་ལས་ཕར་ དབྱེ་ཞིབ་ཀྱི་ལམ་ལུགས་གསརཔ་འདི་ སང་ཕོད་ཀྱི་སློབ་དུས་ནང་ལས་ ལག་ལེན་འཐབ་དགོཔ་སྦེ་ཨིན་མས།

དབྱེ་ཞིབ་ཀྱི་ལམ་ལུགས་གསརཔ་དང་འཁྲིལ་བ་ཅིན་ སློབ་རིམ་༤པ་ལས་༡༢པ་ཚུན་གྱི་སློབ་ཕྲུག་ཚུ་ མཐར་འཁྱོལ་དགོ་པ་ཅིན་ དུས་རྒྱུན་དབྱེ་ཞིབ་དང་ ཆོས་རྒྱུགས་གཉིས་ཆ་རའི་ནང་ལས་ སྐུགས་ཚད་ཉུང་ཤོས་རང་ བརྒྱ་ཆ་༤༠ཐོབ་དགོཔ་སྦེ་ཨིན་མས།

མི་སེར་དམངས་གཙོ་ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཀུན་དགའ་བཀྲིས་ཀྱིས་འབད་བ་ཅིན་ གཞུང་གིས་ དབྱེ་ཞིབ་ཀྱི་ལམ་ལུགས་གསརཔ་འདི་གི་སྐོར་ལས་ དུས་ཅི་ལོ་ཕྱེད་ལས་བརྒལ་ གསལ་བསྒྲགས་མ་འབདཝ་ལས་ འདྲ་མཉམ་ཅིག་མིན་འདུག་ཟེར་བཤད་ཅི།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube