མཁའ་འགྲོ་དབང་མོ་གིས་ མཐོ་གཏུགས་ཞུ་ཡོདཔ།

༉ མཁའ་འགྲོ་དབང་མོ་གིས་ཡང་ ད་རིས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ ཐོ་གཏུགས་ཞུ་སྟེ་ཡོདཔ་ཨིན།

འདས་པའི་ཟླཝ་ནང་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ མོ་ལུ་ གྱེན་ལོག་དམག་བརྒོལ་གྱི་རྒྱུད་བསྐུལ་གྱི་གནོད་འགེལ་དང་ རྒྱུ་དངོས་ཚུལ་མིན་སྤྱོད་པའདི་གནོད་འགེལ་ གཡོ་སྒྱུས་མ་བྱིན་པར་ལེན་པའི་གནོད་འགེལ་དང་ ཁྲིམས་འགལ་ཐོག་གོ་མཚན་འཆང་མི་ སྒྲིག་ཆ་གི་མི་ངོ་རྫུས་མ་བཟོ་ཡོད་པའི་ཉེས་པ་ལུ་ སྟབས་གཅིག་སྦེ་ ལོ་༩གི་བཙོན་ཁྲིམས་བཀལ་ཏེ་ཡོདཔ་ཨིན།

ད་རུང་ མོ་ལུ་ ཡིག་ཚང་གི་བྱ་སྤྱོད་ངན་པ་དང་ བརྡབ་གསིག་རྐྱབ་ཡོད་པའི་ཉེས་པ་ལུ་ བཙོན་ཁྲིམས་ལོ་ཕྱེད་ད་༢བཀལ་ཡོདཔ་ཨིན་རུང་ མོ་གིས་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་བཏབ་ཆོགཔ་སྦེ་ཨིན་མས།

ད་རུང་ རྩོད་གཞི་འདི་ནང་འབྲེལ་བ་ཡོད་མི་ གཞན་མི་༣ལུ་ཡང་ གྱེན་ལོག་དམག་རྒོལ་དང་ རྒྱུད་བསྐུལ་འཐབ་མི་ཚུ་རྩིས་ཏེ་ ཉེས་ལས་ གཞན་འབད་མི་ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ བསྟན་སྲུང་དྲག་པོའི་གཙོ་འཛིན་ གུང་བློན་གོངམ་ བཱ་ཀྲུ་ཚེ་རིང་བཏོན་བཏང་ནི་གི་ གྱོས་ངན་བརྩམ་ཡོདཔ་སྦེ་ཨིན་མས།

ཁོང་བཞི་གི་གྲལ་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་མ་ཞུ་མི་འདི་ སྐུ་སྲུང་དམག་སྡེ་གི་མདོ་འཛིན་བགྲེསཔ་ འཕྲིན་ལས་སྟོབས་རྒྱས་རྐྱངམ་ཅིག་རང་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube