པདྨ་དགའ་ཚལ་དྲང་དཔོན་ཡེ་ཤེས་རྡོ་རྗེ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ཐོ་གཏུགས་ཞུ་ཡོདཔ།

༉ པདྨ་དགའ་ཚལ་དྲང་དཔོན་ ཡེ་ཤེས་རྡོ་རྗེ་གིས་ཡང་ ད་རིས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ ཐོ་གཏུགས་ཞུ་སྟེ་ཡོདཔ་ཨིན།

འདས་པའི་ཟླཝ་ནང་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཁོ་ལུ་ གྱེན་ལོག་དམག་བརྒོལ་གྱི་རྒྱུད་བསྐུལ་གྱི་གནོད་འགེལ་དང་ གཡོ་སྒྱུས་མ་བྱིན་པར་ལེན་པའི་གནོད་འགེལ་ནང་ རྒྱབ་སྐྱོར་འབད་ཡོད་པའི་ཉེས་པ་ལུ་ སྟབས་གཅིག་སྦེ་ ལོ་༥གི་བཙོན་ཁྲིམས་བཀལ་ཏེ་ཡོདཔ་ཨིན།

ད་རུང་ རྩོད་གཞི་འདི་ནང་འབྲེལ་བ་ཡོད་མི་ གཞན་མི་༣ལུ་ཡང་ གྱེན་ལོག་དམག་རྒོལ་དང་ རྒྱུད་བསྐུལ་འཐབ་མི་ཚུ་རྩིས་ཏེ་ ཉེས་ལས་ གཞན་འབད་མི་ལུ་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ བསྟན་སྲུང་དྲག་པོའི་གཙོ་འཛིན་ གུང་བློན་གོངམ་ བཱ་ཀྲུ་ཚེ་རིང་བཏོན་བཏང་ནི་གི་ གྱོས་ངན་བརྩམ་ནུག

ཁྲིམས་ཀྱི་འདུན་ས་ལས་ ཁོང་ཆ་ཁྱབ་ལུ་ ཐོ་གཏུགས་ཞུ་ནིའི་ ཞག་དུས་ ཉིན་གྲངས་༡༠་གནང་མི་འདི་ ནངས་པ་ཚངམ་ཨིན་མས།

ད་ལྟོ་ཚུན་ཚོད་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་དྲང་དཔོན་ ཀུན་ལེགས་ཚེ་རིང་དང་ པདྨ་དགའ་ཚལ་དྲང་དཔོན་ ཡེ་ཤེས་རྡོ་རྗེ་༢རྐྱངམ་ཅིག་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ ཐོ་གཏུགས་ཞུ་ཡོདཔ་ཨིན།

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་བཟངམོ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube