མོང་སྒར་དང་ངང་ལམ་གྱི་འཐུས་མི་ལུ་ ལག་ཁྱེར།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ མོང་སྒར་དང་ པདྨ་དགའ་ཚལ་ ངང་ལམ་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་ནང་ལས་ བཙག་འཐུ་སྒྲུབ་སྟེ་ཡོད་མི་ འཐུས་མི་གཉིས་ལུ་ ད་རིས་ བཙག་འཐུ་སྒྲུབ་སྟེ་ཡོད་པའི་ ལག་ཁྱེར་སྤྲོད་ནུག

འདི་འབདཝ་ལས་ སྤྱི་ཚོགས་ཀྱི་འཐུས་མི་ ཀརྨ་ལྷ་མོ་དང་ ཀརྨ་རྡོ་རྗེ་འདི་ གཞུང་འབྲེལ་དུ་ བཙག་འཐུ་ལས་སྒྲུབ་ཡོདཔ་སྦེ་ གསལ་བསྒྲགས་འབདཝ་ཨིན་མས།

སྤྱི་ཚོགས་ཀྱི་འཐུས་མི་གཉིསཔོ་འདི་ འདས་པའི་ཟླཝ་གི་སྤྱི་ཚེས་༢༩ལུ་ བཙག་འཐུ་སྒྲུབ་སྟེ་ཡོདཔ་ད་ ཁོང་གཉིས་ཆ་ར་ འབྲུག་མཉམ་རུབ་ཚོགས་པ་ནང་ལས་ཨིན་མས།

གནས་ཚུལ་བྱུང་ཁུངས་དང་འཁྲིལ་བ་ཅིན་ ཁོང་གཉིས་ཀྱིས་ སྤྱི་ཚོགས་ཀྱི་འཐུས་མི་ཅིག་འབད་ ཁས་བླངས་དམ་བཅའ་འདི་ གཟའ་ལྷགཔ་གི་ཚེས་ ཕུལ་ནི་གི་ལས་རིམ་འདུག་ཟེར་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube