ཐིམ་ཕུག་སི་ཊི་དང་ སྤ་རོ་ཨེཕ་སི་གཉིས་ གནས་རིམ་དང་པ་ནང་ལུ་ཡོདཔ།

༉ ད་རེས་ནངས་པ་ འགོ་འདྲེན་འཐབ་པའི་བསྒང་རང་ཡོད་མི་ བུ་ཊན་པི་མིར་ལིག་རྐང་རྩེད་འགྲན་བསྡུར་ནང་ལུ་ ཐིམ་ཕུག་སི་ཊི་ཨེཕ་སི་དང་ སྤ་རོ་ཨེཕ་སི་གཉིས་འདི་ གནས་རིམ་དང་པ་ནང་ལུ་ཚུད་དེ་འདུག

ཁོང་རྐང་རྩེད་སྡེ་ཚན་གཉིས་ཀྱིས་ གནས་རིམ་དང་པ་ནང་ལུ་ལྷོད་མི་འདི་ཡང་ ད་ལྟོ་ཚུན་ཚོད་ རྩེད་འགྲན་ཚུ་གི་ནང་ལས་ རྒྱལ་ཁ་ཐོབ་ཐོབ་ས་རང་ ཡོད་ནི་འདི་གིས་ཨིན་མས།

ཐིམ་ཕུག་སི་ཊི་ཨེཕ་སི་གིས་ ད་ལྟོ་ཚུན་ཚོད་ གཱོལ་༢༧བཙུགས་ཏེ་ཡོདཔ་ལས་ གཱོལ་མཐོ་ཤོས་བཙུགས་མི་གི་སྡེ་ཚན་ཅིག་སྦེ་ཡང་ འཐོན་ཏེ་འདུག

ན་ཧིང་གི་ བུ་ཊན་པི་མིར་ལིག་གི་རྐང་རྩེད་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ ཐིམ་ཕུག་སི་ཊི་ཨེཕ་སི་གིས་རྒྱལ་ཁ་ཐོབ་ནུག

ཐིམ་ཕུག་སི་ཊི་ཨེཕ་སི་དང་ སྤ་རོ་ཨེཕ་སི་གི་འོག་ལས་རང་ ཊརནསི་པོརཊ་ཡུ་ནའི་ཊེད་ཨེཕ་སི་ཡོདཔ་ཨིན་མས།

དུས་ཅི་ བུ་ཊན་པི་མིར་ལིག་གི་རྐང་རྩེད་འགྲན་བསྡུར་འདི་ནང་ལུ་ སྤ་རོ་དང་ཐིམ་ཕུག་ དེ་ལས་ སྤུ་ན་ཁ་དང་དགེ་ལེགས་ཕུག་ལས་ སྡེ་ཚན་༡༠གྱིས་ དོ་འགྲན་འབད་བའི་བསྒང་རང་ཡོདཔ་ཨིན།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube