ཏམ་ཁུའི་ཐོན་སྐྱེད་ཚུ་གུ་ བཙོང་ཁྲལ་མེདཔ་སྦེ་བཟོ་དགོ་པའི་གྲོས་འདེབས།

༉ དངུལ་རྩིས་བློན་པོ་གིས་ ད་རིས་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ གནས་སྐབས་ཀྱི་ཐབས་ཤེས་བཟུམ་ཅིག་སྦེ་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་གུ་ བཙོང་ཁྲལ་བརྒྱ་ཆ་ལས་བརྒྱ་ བཀལ་དོ་ཡོད་མི་འདི་ མེདཔ་སྦེ་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཡོདཔ་ཨིན།

འདི་ཡང་ བློན་པོ་རྣམ་རྒྱལ་ཚེ་རིང་གིས་འབད་བ་ཅིན་ དེ་སྦེ་ ཁྲལ་མ་ཕོགཔ་སྦེ་བཟོ་མི་འདི་གིས་ རྒྱལ་ཁབ་ནང་ ནད་ཡམས་འབག་འོང་ནིའི་ ཉེན་ཁ་མར་ཕབ་འབད་ནི་དང་ ནག་ཚོང་རྐྱབ་མི་ཚུ་ མར་ཕབ་འབད་ཚུགས་ཟེར་ཨིན་མས།

སང་ཕོད་སྤྱི་ཟླ་༧པའི་ནང་ལས་ ལག་ལེན་འཐབ་ནི་སྦེ་ཡོད་མི་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་འདི་ བསྟར་སྤྱོད་འབད་བའི་བསྒང་ལས་ ཁྲལ་གྱི་དཔྱད་ཡིག་འདི་ བརྩི་འཇོག་མེདཔ་སྦེ་འགྱོ་ནི་ཨིན་མས།
དཔྱད་ཡིག་འདི་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་ལུ་ གཏང་སྟེ་ཡོདཔ་ཨིན།

གནས་ཚུལ་བསྡུ་ལེན་འབད་མི་ པདྨ་གསལ་སྒྲོན་ཚེ་རིང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube