ཅ་ཁྲལ་ཤོ་མཚུངས་སྦེ་ བརྒྱ་ཆ་༡༠ བཀལ་ནི་ཨིནམ།

༉ དངུལ་རྩིས་བློན་པོ་གིས་ ད་རིས་ ཅ་ཁྲལ་འཕྲི་སྣོན་དཔྱད་ཡིག་གུར་ གསལ་ཞུ་ཕུལ་བའི་སྐབས་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ ནང་འདྲེན་འཐབ་མི་ ཅ་ཆས་ག་རའི་དོན་ལུ་ ཤོ་མཚུངས་སྦེ་ ཅ་ཁྲལ་ བརྒྱ་ཆ་༡༠བཀལ་ནི་གི་ གྲོས་འདེབས་ཕུལ་ཡི།

འདི་ཡང་ དངུལ་རྩིས་བློན་པོ་དང་འཁྲིལ་པ་ཅིན་ ཅ་ཁྲལ་ཤོ་མཚུངས་སྦེ་བཟོ་མི་འདི་གིས་ ཐོན་སྐྱེད་མ་འདྲཝ་ཚུ་ལས་བརྟེན་ཏེ་ དཔལ་འབྱོར་གྱི་གནས་ཚད་ སྒོ་ཡངས་དྲག་སྦེ་བཟོ་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པའི་ཁར་ འབྲུག་མི་ཚུ་ལུ་ ཅ་ཆས་ཀྱི་གོང་ཚད་ཚུ་ཡང་ ཁེ་ཏོག་ཏོ་སྦེ་ཐོབ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube