༉ རྒྱལ་ཁབ་ནང་ འདས་པའི་ཉིན་ཞག་གཅིག་ནང་ འབྲུག་མི་༡༥ དང་ ཕྱིའི་མི་ཁུངས་༢ རྩིས་ཏེ་ བསྡོམས་ཀྱིས་མི་ངོམ་༡༧ ལུ་ ནད་ཡམས་ ཀོ་ཝིཌ-༡༩ འཐོབ་སྟེ་ཡོདཔ་ཨིན་མས།
འདི་ཚུ་ཡང་ ལོ་༡༡ ལས་༦༠ གི་ བར་ན་འབད་མི་ ཕོ་སྐྱེས་༦ དང་ ཨམ་སྲུ་༡༡ ཨིན་མས།
ཁོང་ཆ་ཁྱབ་ཀྱི་གྲལ་ལས་ ཕུན་ཚོགས་གླིང་ལུ་ ཧེ་མ་ལས་ ནད་འབུཔ་ཐོབ་མི་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༡༠ དང་ ཕུན་ཚོགས་གླིང་གི་ མི་སྡེ་ནང་ལས་ མི་ངོམ་༡ ལུ་ ནད་ཡམས་འཐོབ་ཡོདཔ་སྦེ་ བརྟག་དཔྱད་འབད་དེ་འདུག
ནད་ཡམས་ཐོམ་མི་༦ འདི་ སྤ་རོ་དང་ཕུན་ཚོགས་གླིང་ དེ་ལས་ བསམ་རྩེ་གི་ ཟུར་བཞག་ཁང་ཚུ་ནང་ལས་ བདའ་ཟུན་ཡོདཔ་ཨིན་མས།
འདི་དང་གཅིག་ཁར་ འདས་པའི་ཆུ་ཚོད་༢༤ གི་ནང་འཁོད་ གསོ་བའི་ལྷན་ཁག་གིས་ ནདཔ་༡༡ འདི་ ནད་གཞི་འདི་ལས་དྲག་སྟེ་ཡོདཔ་སྦེ་ གསལ་བསྒྲགས་འབད་དེ་ཡོདཔ་ཨིན།
འདི་འབདཝ་ལས་ ད་རེས་ རྒྱལ་ཁབ་ནང་ལུ་ ནད་ཡམས་འཐོབ་མི་ ཡོངས་བསྡོམ་འདི་༡༡༦༡ ལུ་ལྷོད་དེ་ཡོད་ས་ལས་ ནདཔ་༡༣༢ འདི་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་མས།