འབྲུག་ཨིསི་ཊར་རྐང་རྩེད་སྡེ་འདི་ ཆ་མེད་གཏང་དགོ་པའི་གྲོས་ཆོད།

༉ འབྲུག་རྐང་རྩེད་ཚོགས་པ་གིས་ འཕྲལ་ཁམས་ཅིག་ཁར་ འབྲུག་ཨིསི་ཊར་རྐང་རྩེད་སྡེ་ཚན་གྱི་ཇོ་བདག་འདི་ མི་ཚེ་གཅིག་གི་རིང་ལུ་ རྐང་རྩེད་དང་འབྲེལ་བའི་ལས་རིམ་ནང་ལུ་ མ་པ་ལས་ར་ གྲལ་ཁར་གཏོགས་མ་ཆོག་པའི་ གྲོས་ཆོད་བཏོན་ཏེ་འདུག

རྐང་རྩེད་སྡེ་ཚན་གྱི་ཇོ་བདག་འདི་ཡང་ ན་ཧི་ རྒྱལ་ཁབ་ནང་ལུ་ རྐང་རྩེད་འགྲན་བསྡུར་སྦོམ་ཤོས་ཅིག་ཨིན་མི་ འབྲུག་པིརི་མི་ཡཱར་ལིག་གི་འགྲན་བསྡུར་ནང་ལུ་ ལམ་ལུགས་དང་མ་འཁྲིལ་བར་ རྩེད་འགྲན་འབད་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལུ་ཨིན་མས།

འབྲུག་རྐང་རྩེད་ཚོགས་པའི་ སྒྲིག་ཁྲིམས་ཚོགས་ཆུང་གིས་ ཧེ་མ་ཚར་གཅིག་ ཁོ་ལུ་ ལོ་བདུན་གྱི་རིང་ རྐང་རྩེད་ཀྱི་ལས་རིམ་ནང་ལུ་ བཅའ་མར་གཏོགས་ནི་ལས་ བཀག་ཆ་འབད་དེ་ཡོདཔ་མ་ཚད་ དངུལ་ཀྲམ་འབུམ་༢ དང་སྟོང་ཕྲག་༥༠ ཡང་ བཏབ་དགོ་པའི་ ཉེས་བྱ་སྦེ་བཀལ་ནུག

ད་རུང་ འབྲུག་རྐང་རྩེད་ཚོགས་པ་གིས་ རྐང་རྩེད་ཀྱི་སྡེ་ཚན་འདི་ར་ ཆ་མེད་གཏང་དགོ་པའི་ གྲོས་ཆོད་ཡང་བཏོན་ཡོདཔ་ཨིན་མས།

འབྲུག་ཨིསི་ཊར་རྐང་རྩེད་སྡེ་ཚན་འདི་ སྤྱི་ལོ་༡༩༩༨ ལུ་ གཞི་བཙུགས་འབད་ཡོདཔ་ད་ སྡེ་ཚན་འདི་ རྒྱལ་ཁབ་ནང་ལུ་ རྐང་རྩེད་ཀྱི་སྡེ་ཚན་རྙིང་ཤོས་ཅིག་ཨིན་མས

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube