གཟའ་ཉི་མ། ༢༠༢༡ ཟླ་༧ པའི་སྤྱི་ཚེས་༢༤

ཕོ་སྐྱེས་གཅིག་ སྨྱོ་རྫས་ནག་ཚོང་འཐབ་པའི་དོགས་པ་ལུ་བརྟེན་ བཟུང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༡༡ ༢༠༢༡

༉ མོང་སྒར་གྱི་ཁྲིམས་སྲུང་འགག་པ་གིས་ བ་ལམ་རྒེད་འོག་ནང་ལས་ཨིན་མི་ སྐྱེས་ལོ་ ༣༦ ལང་མི་ཕོ་སྐྱེས་གཅིག་ སྨྱོ་རྫས་ཀེ་ཧང་དང་ འདི་གི་ཐོན་སྐྱེད་ཚུ་ ནག་ཚོང་འཐབ་ཡོད་པའི་ དོགས་པ་ལུ་བརྟེན་བཟུང་ནུག

ཁྲིམས་སྲུང་འགག་པ་གིས་ གནད་དོན་འདི་ གཟའ་ལྷགཔ་གི་ཚེས་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་བཀལ་ཏེ་འདུག

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཕོ་སྐྱེས་འདི་ཡང་ འདས་པའི་ཟླཝ་གི་སྤྱི་ཚེས་ ༡༨ ཀྱི་ཚེས་ ཀྲོང་གསར་ལུ་འགྱོ་བའི་ལམ་ཁར་ལས་ བཟུང་ཡོདཔ་ཨིན་མས།

དེ་བསྒང་ ཕོ་སྐྱེས་འདི་གིས་ ཀེ་ཧང་ ག་རམ་༣༠༠ འབག་སྟེ་ཡོདཔ་སྦེ་ བདའ་ཟུན་ཏེ་ཡོད་པའི་ཁར་ ཕོ་སྐྱེས་འདི་ སྨྱོ་རྫས་ཡང་སྤྱོད་དེ་ཡོདཔ་སྦེ་བདའ་ཟུན་ནུག

ཁྲིམས་ལུགས་དང་འཁྲིལ་པ་ཅིན་ ཉེས་འགལ་འདི་ དབྱེ་རིམ་༣ པའི་ཉེས་ཆེན་ཨིནམ་ལས་ བཙོན་ཁྲིམས་ལོ་ ༣ ལས་ ༩ གི་བར་ན་ སྨིན་དགོ་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་། མོང་སྒར།