-
བདེ་བ་ཐང་སྨན་ཁང་ནང་ལུ་ མོ་ནད་མཁས་མཆོག་ཅིག་མེདཔ་ལས་ ཨ་ལོ་སྐྱེས་ནི་ཡོད་པའི་ཨམ་སྲུ་ཚུ་ལུ་ གདོང་ལེན་བྱུང་དོ་ཡོདཔ།རྒྱས་པ་ལྷག...
-
བསམ་རྩེ་ བཀྲ་ཤིས་ཆོས་གླིང་ལུ་ མར་ཁུ་བླུགས་སའི་ས་གོ་འདི་ སྒོ་བསྡམ་ཡོདཔ་ལས་ མི་ཚུ་ལུ་ སྟབས་མ་བདེཝ་འཐོན་ཏེ་ཡོདཔ།རྒྱས་པ་ལྷག...
-
བུམ་ཐང་ལས་ ཤར་ཕྱོགས་ཁ་ཐུག་འགྱོ་མི་ མི་དམངས་སྐྱེལ་འདྲེན་བཱསི་ཚུ་ ནུབ་ཕྱེད་ལས་ར་ལོང་སྟེ་ འགྱོ་དགོ་དོ་ཡོདཔ།རྒྱས་པ་ལྷག...
དྲེན་མཱརཀ་གིས་ འབྲུག་ལུ་སྨན་ཁབ་ཀྱི་གྲོགས་རམ།
སྤྱི་ཟླ་༧ པའི་ཚེས་༢ ༢༠༢༡༉ དྲེན་མཱརཀ་གིས་ འབྲུག་རྒྱལ་ཁབ་ལུ་ ནད་ཡམས་ལུ་གདོང་ལེན་འབད་ནི་གི་དོན་ལས་ སྨན་ཁབ་ ༢༥༠,༠༠༠ མ་ལངམ་ཅིག་བྱིན་ནི་ཨིན་མས།
རྒྱས་པ་ལྷག »
ཅ་དམ་གྱི་ཁྲལ་བརྒྱ་ཆ་༡༠བཀལ་མི་འདི་ལུ་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
སྤྱི་ཟླ་༦ པའི་ཚེས་༢༩ ༢༠༢༡༉ རྒྱ་གར་མ་གཏོགས་པའི་ གཞན་མི་རྒྱལ་ཁབ་ཚུ་ནང་ལས་ ཅ་ཆས་ནང་འདྲེན་འབད་བའི་སྐབས་ ཅ་དམ་གྱི་ཁྲལ་བརྒྱ་ཆ་༡༠་བཀལ་མི་འདི་ལུ་ རྒྱལ་ཁབ་ནང་གི་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཚུ་ ཚ་གྱང་ལང་དགོཔ་ཐོན་ཏེ་འདུག
རྒྱས་པ་ལྷག »
ནད་ཡམས་ལས་བརྟེན་ཏེ་ དབང་པོ་སྐྱོན་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ནང་ ཧེང་སྐལ་རང་ གདོང་ལེན་འབྱུང་སྟེ་ཡོདཔ།
སྤྱི་ཟླ་༡ པའི་ཚེས་༨ ༢༠༢༡༉ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ མི་སེར་ཆ་མཉམ་ལུ་ འབྱེམ་ཕོག་སྟེ་ཡོད་ས་ལས་ གཅིག་འདི་ དབང་པོ་ལུ་ཐོ་ཕོག་སྟེ་ཡོད་མི་ ཨ་ལུ་ཚུ་ལུ་ ཕོག་སྟེ་འདུག
རྒྱས་པ་ལྷག »
ཌོརན་བཟོ་མི་སངྱས་རྡོ་རྗེ།
སྤྱི་ཟླ་༡ པའི་ཚེས་༤ ༢༠༢༡༉ འགྲོ་འགྲུལ་བཀག་དམ་གྱི་ནམ་དུས་ལུ་ མི་ཚུ་ཁྱིམ་ནང་རང་སྡོད་དགོ་ནི་འདི་གིས་ ཕྱི་ཁར་ཐོན་མ་ཆོག་རུང་ འཕྲུལ་རིག་གི་ཐོག་ལས་ ཅ་ཆས་ཚུ་གསརཔ་བཟོ་ནི་ནང་ལུ་ བར་ཆད་མ་འབྱུང་པར་འདུག
རྒྱས་པ་ལྷག »བསམ་རྩེ་ལུ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ཆུའི་ལས་འགུལ་འགོ་བཙུགས་ཏེ་ཡོདཔ།
སྤྱི་ཟླ་༩ པའི་ཚེས་༦ ༢༠༢༡
༉ བསམ་རྩེ་ལུ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་གི་ ཆུའི་ལས་འགུལ་དང་པ་འདི་གིས་ གསང་སྔགས་ཆོས་གླིང་རྒེད་འོག་གི་ གླིང་ཐང་དང་ ཁང་བཟང་གླིང་གི་ སོ་ནམ་པ་ཚུ་ལུ་ ཞིང་ཆུ་གཏན་ཏོག་ཏོ་འབད་ བཀྲམ་ཚུགས་ནི་ཨིན་མས།
རྒྱས་པ་ལྷག »སྤུ་ན་ཁ་ལུ་ ཁ་རས་ལག་ལེན་གྱི་སྒྲིག་གཞི་ དམ་དམ་སྦེ་རང་བལྟ་རྟོག་འབད་དོ་ཡོདཔ།
སྤྱི་ཟླ་༩ པའི་ཚེས་༥ ༢༠༢༡
༉ སྤུ་ན་ཁ་ལུ་ ཁ་རས་མ་པ་ལས་རང་ལག་ལེན་མ་འཐབ་མི་དང་ ཁ་རས་ཡོད་རུང་ ལེགས་ཤོམ་སྦེ་ལག་ལེན་མ་འཐབ་པར་ ལོག་ཅི་ལོག་ཅི་རང་ བདའ་ཟུན་པ་ཅིན་ ཁྲིམས་ཀྱི་འདུས་ས་ལུ་ཐུག་ནི་གི་ཉེན་ཁ་ཡོདཔ་ཨིན་མས།
རྒྱས་པ་ལྷག »དྭངས་ཆུ་རྒེད་འོག་ནང་ལུ་ གཅན་གཟན་དང་ཕརཝ་གིས་ སྒོ་ནོར་ལུ་གནོད་སྐྱོན།
སྤྱི་ཟླ་༩ པའི་ཚེས་༥ ༢༠༢༡
༉ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ནང་ལུ་ ཟླཝ་གཉིས་ཀྱི་ནང་འཁོད་རང་ གཅན་གཟན་དང་ཕརཝ་ཚུ་གིས་ ནོ་༡༢ བསད་དེ་ཡོདཔ་མ་ཚད་ ༨ནདཔ་བཏོན་ཏེ་འདུག
རྒྱས་པ་ལྷག »བསམ་རྩེ་ལུ་ ཟླཝ་༣གྱི་རྒྱབ་ལས་ སྒྲིག་གཞི་གུ་གནས་ཏེ་ རྩེདམོ་ཚུ་རྩེད་བཅུག་དོ་ཡོདཔ།
སྤྱི་ཟླ་༩ པའི་ཚེས་༥ ༢༠༢༡
༉ རྒྱལ་ཁབ་ནང་འཁོད་ལུ་ རྩེད་རིག་གི་ལས་རིམ་ཚུ་ ད་རེས་ཀྱི་བདུན་ཕྲག་ནང་ལས་ འགོ་བཙུགས་མི་དང་འབྲེལ་ བསམ་རྩེ་ལུ་ཡང་ རྫོང་ཁག་ཀོ་ཝིཊ་ནའིན་ཊིན་ལས་བྱེད་ཚོགས་ཆུང་གིས་ ལག་ལེག་གནས་ཚད་ཀྱི་སྒྲིག་གཞི་ དམ་དམ་སྦེ་ར་བཙུགས་ཏེ་ཡོདཔ་ཨིན་མས།
རྒྱས་པ་ལྷག »ཡུ་རོབ་པི་ཡཱན་ཡུ་ནི་ཡཱན་གྱིས་ འབྲུག་ལུ་ ཡུ་རོ་ས་ཡ་༣༡འབྱིན་ནི་སྦེ་ཡོདཔ།
སྤྱི་ཟླ་༩ པའི་ཚེས་༣ ༢༠༢༡
༉ ཡུ་རོབ་པི་ཡཱན་ཡུ་ནི་ཡཱན་གྱིས་ སྤྱི་ལོ་༢༠༢༡ལས་༢༠༢༧གྱི་རིང་ལུ་ འབྲུག་ལུ་ མ་དངུལ་ཡུ་རོ་ས་ཡ་༣༡ འབྱིན་ནི་སྦེ་ ཁས་ལེན་འབད་དེ་འདུག
རྒྱས་པ་ལྷག »
















