གཟའ་སྐར།

སྤྱི་ཚེས་༠༨/༡༡/༢༠༢༡

གཟའ་ མིག་དམར་།ལྕགས་གླང་ཟླ་ ༡༠ པའི་ཚེས་ ༤ ལུ།

སྐར་མ་    སྣྲོན་
ཉིནམ་    ལྕགས་ཕག་
རྟེན་འབྲེལ་  འདུ་བྱེད་
འཕྲོད་སྦྱོར་    ས་མེ་ཕྲད་པ།
འབད་བཏུབ་   འདི་ཉིན་གཟའ་སྐར་འཕྲོད་སྦྱོར་ངན་པས།   དུས་རྒྱུན་གྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་ཅིག་མ་གཏོགས།
འབད་མ་བཏུབ་   གཞན་ དམག་དཔོན་གསརཔ་བསྐོས་ནི་དང་ དམག་སྦྱོང་འགོ་བཙུགས་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ རྟེན་འབྲེལ་བརྩི་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཁྱིམ་ཐོག་བཀབ་ནི་ སྡོད་གནས་སྤོ་ནི་ གཉེན་རྐྱབ་ནི་དང་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ས་བརྐོ་རྡོ་སློག་འབད་ནི་ཚུ་མི་བཏུབ་པས།

བགེགས་ཀྱི་རྒྱུ་ལམ་    ཤར་དང་ ཉི་མ་ཆུ་ཚོད་ ༢ ལས་ནུབ།
མཁའ་འགྲོའི་རྒྱུ་ལམ་     དུས་དབྱངས་གཉིས་ཀ་བྱང་ཤར་ཏུ་ཐེབས། ཉི་མ་ཆུ་ཚོད་ ༢ ལས་ དུས་འཁོར་ལས་བྱང་དང་ དབྱངས་འཆར་ལས་ཤར་ལུ་ཐེབས།

ཕྱོགས་བཟང་     གང་བ་ཤར་དང་ ཡར་འཕེལ་ལྷོ།

 


སྤྱི་ཚེས་༠༩/༡༡/༢༠༢༡

རེས་གཟའ་ ལྷག་པ། ལྕགས་གླང་ཟླ་ ༡༠ པའི་ཚེས་ ༥ ལུ།

སྐར་མ་    སྣྲུབས་

ཉིནམ་    ཆུ་བྱི་

རྟེན་འབྲེལ་    རྣམ་ཤེས་

འཕྲོད་སྦྱོར་      ཆུ་གཉིས་ཕྲད་པ།

འབད་བཏུབ་     འདི་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བས། རབ་གནས་འབད་ནི་དང་ ལྷ་སྲུང་གསོལ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ གོ་གནས་གསརཔ་བསྐོས་ནི་དང་ རྟེན་འབྲེལ་བརྩི་ནི་ ཡིག་ཚང་གསརཔ་རྩིས་སྤྲོད་ལེན་འབད་ནི་ ཆོས་འཆད་ཉན་འབད་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྨན་བཟོ་ནི་དང་བསྟེན་ནི་ རླུང་དར་འཕྱར་ནི་ གོང་མའི་ཞབས་སར་བཅར་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ ཁྱིམ་གསར་ནང་འཛུལ་ནི་དང་ ཁྱིམ་ཐོག་བཀབ་ནི་ བང་མཛོད་བཙུགས་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ལེགས་ཤོམ་ཡོད།

འབད་མ་བཏུབ་    གཞན་ གཉེན་རྐྱབ་ནི་དང་ གསོན་གཤིན་གྱི་མོ་རྩིས་བཏབ་འབད་ནི་ཚུ་མི་བཏུབ་པས།

དུས་ཚོད་བཟང་པོ་    སྔ་དྲོ་ ༧ ལས་ ༨ ཚུན།

བགེགས་ཀྱི་རྒྱུ་ལམ་      ནུབ་དང་ སྔ་དྲོ་ཆུ་ཚོད་ ༡༡ དང་སྐར་མ་ ༣༧ ལས་ཤར།

མཁའ་འགྲོའི་རྒྱུ་ལམ་  དུས་འཁོར་ལས་བྱང་དང་ དབྱངས་འཆར་ལས་ཤར་དང་། སྔ་དྲོ་ཆུ་ཚོད་ ༡༡ དང་སྐར་མ་ ༣༧ ལས་ དུས་འཁོར་ལས་ཤར་དང་ དབྱངས་འཆར་ལས་ཤར་ལྷོ་ཁ་ཐུག་ལུ་ཐེབས།

ཕྱོགས་བཟང་པོ་    གང་བ་ཤར་དང་ ཡར་འཕེལ་ལྷོ།


སྤྱི་ཚེས་༠༣/༡༡/༢༠༢༡

རེས་གཟའ་ ཕུར་བུ།ལྕགས་གླང་ཟླཝ་༩ པའི་ཚེས་ ༢༨ ཆད་ ༢༩།

སྐར་མ་ མེ་བཞི་

ཉིནམ་  ལྕགས་རྟ།

རྟེན་འབྲེལ་  མ་རིག་

འཕྲོད་སྦྱོར་  རླུང་གཉིས་ཕྲད་པ།

འབད་བཏུབ་       འདི་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བས།  ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ དམག་དཔོན་གསར་བསྐོ་འབད་ནི་དང་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཁྱིམ་གསར་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ གོང་མའི་ཞབས་སར་བཅར་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ ལམ་འགྲུལ་འབད་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ལེགས་ཤོམ་ཡོད།

འབད་མ་བཏུབ་  གཞན་ གཤིན་དོན་མོ་རྩིས་བཏབ་འབད་ནི་ ཁྱིམ་ཐོག་བཀབ་ནི་ཚུ་མི་བཏུབ་པས།

དུས་ཚོད་བཟང་པོ་   ཆུ་ཚོད་༡༡ལས་༡༢ཚུན་བཟང་

བགེགས་ཀྱི་རྒྱུ་ལམ་    ལྷོར།

མཁའ་འགྲོའི་རྒྱུ་ལམ་    དུས་འཁོར་ལས་ཤར་དང་དབྱངས་འཆར་ལས་ཤར་ལྷོ།

ཕྱོགས་བཟང་    བུམ་པ་གང་བའི་ཕྱོགས་ཤར་དང་ཡར་འཕེལ་ལྷོར་ཕོགཔ་ཨིན་པས།


སྤྱི་ཚེས་༠༤/༡༡/༢༠༢༡

གཟའ་ པ་སངས།ལྕགས་གླང་ཟླཝ་ ༩ པའི་ཚེས་ ༣༠།

སྐར་མ་    ནག་པ་
ཉིནམ་    ཆུ་ལུག་
རྟེན་འབྲེལ་  འདུ་བྱེད་
འཕྲོད་སྦྱོར་  ས་རླུང་ཕྲད་པ།
འབད་བཏུབ་   འདི་ཉིན་གཟའ་སྐར་འཕྲོད་སྦྱོར་ངན་པས། ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་ཅིག་མ་གཏོགས།
འབད་མ་བཏུབ་   གཞན་ རབ་གནས་འབད་ནི་དང་ གོ་གནས་གསརཔ་བསྐོས་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཁྱིམ་གསར་ནང་འཛུལ་ནི་ ས་ཐག་རིང་སར་ལམ་འགྲུལ་འབད་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ ཁྱིམ་ཐོག་བཀབ་ནི་ ཚུ་མི་བཏུབ་པས།

བགེགས་ཀྱི་རྒྱུ་ལམ  ལྷོར།

མཁའ་འགྲོའི་རྒྱུ་ལམ་    དུས་འཁོར་ལས་ཤར་ལྷོ་དང་ དབྱངས་འཆར་ལས་ལྷོར།   ཉི་མ་ཆུ་ཚོད་༡༢ལས་དུས་དབྱངས་གཉིས་ཆ་ར་ལྷོ་ནུབ་ལུ་ཐེབས།

ཕྱོགས་བཟང་པོ་    བུམ་པ་གང་བའི་ཕྱོགས་ཤར་དང་ཡར་འཕེལ་ལྷོར་ཕོགཔ་ཨིན་པས།


༄།   གནམ་ལོ་ལྕགས་གླང་རང་ཟླ་ ༡༠ པའི་ཚེས་ཆད་ལྷག་མེད་པས་བཀྲིས་ཟླ་བ་ཡིན།   ཟླ་འདིར་ས་བདག་འབྲུག་རྗེ་ ཐབ་དང་བྲེ་སྲང་ལུ་གནསཔ་ལས་ དེ་ཚུ་གསརཔ་བཟོ་ནི་དང་ བཅོ་ཁ་རྐྱབ་ནི་ཚུ་སྤང་དགོཔ་ཨིན།    ཡལ་ལམ་བྱང་ཤར་ལུ་ཕོགཔ་ཨིན།

སྤྱི་ཚེས་༠༥/༡༡/༢༠༢༡

གཟའ་ སྤེན་པ།ལྕགས་གླང་ཟླ་ ༡༠ པའི་ཚེས་ ༡ ལུ།

སྐར་མ་    ས་རི་
ཉིནམ་    ཤིང་སྤྲེལ་
རྟེན་འབྲེལ་  སྐྱེ་བ་
འཕྲོད་སྦྱོར་    ས་རླུང་ཕྲད་པ།
འབད་བཏུབ་    འདི་ཉིན་གཟའ་སྐར་འཕྲོད་སྦྱོར་ངན་པས།    ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་ཅིག་མ་གཏོགས།
འབད་མ་བཏུབ་    གཞན་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ གོ་གནས་གསར་བསྐོ་འབད་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ཁྱིམ་ཐོག་བཀབ་ནི་ ལམ་འགྲུལ་འབད་ནི་ཚུ་མི་བཏུབ་པས།

བགེགས་ཀྱི་རྒྱུ་ལམ་  ནུབ་དང་ ཕྱི་དྲོ་ཆུ་ཚོད་ ༩ དང་སྐར་༡༣ ལས་ལྷོ།

མཁའ་འགྲོའི་རྒྱུ་ལམ་    དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ནུབ་ཁ་ཐུག་ལུ་ཐེབས་ཨིན་པས།

ཕྱོགས་བཟང་    གང་བ་ཤར་དང་ ཡར་འཕེལ་ལྷོ།


སྤྱི་ཚེས་༠༦/༡༡/༢༠༢༡

གཟའ་ ཉི་མ།ལྕགས་གླང་ཟླ་༡༠ པའི་ཚེས་ ༢ ལུ།

སྐར་མ་    ས་ག་
ཉིནམ་     མེ་བྱ་
རྟེན་འབྲེལ་    རྒ་ཤི་
འཕྲོད་སྦྱོར་    མེ་གཉིས་ཕྲད་པ། ཉི་མ་ཆུ་ཚོད་ ༢ དང་སྐར་མ་ ༤༩ ལས་ས་མེ་ཕྲད་པ།
འབད་བཏུབ་   ཉི་མ་ཆུ་ཚོད་ ༢ དང་སྐར་མ་ ༤༩ ཚུན་གཟའ་སྐར་བཟང་པོ་ཡོདཔ་ལས་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ གོ་གནས་གསརཔ་བསྐོས་ནི་དང་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ སྨན་བཟོ་ནི་དང་བསྟེན་ནི་ ཁྱིམ་ཐོག་བཀབ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གོང་མའི་ཞབས་སར་བཅར་ནི་
འབད་མ་བཏུབ་གཞན་ ཚོང་ལཱ་གསརཔ་འགོ་བཙུགས་ནི་དང་ ས་ཐག་རིང་སར་ལམ་འགྲུལ་འབད་ནི་ ཚུ་མི་བཏུབ་པས།

དུས་ཚོད་བཟང་པོ་       སྔ་དྲོ་ ༩ ལས་ ༡༠ ཚུན།

བགེགས་ཀྱི་རྒྱུ་ལམ་    ལྷོ་དང ཕྱི་དྲོ་ཆུ་ཚོད་ ༦ སྐར་མ་ ༤༩ ལས་བྱང་།

མཁའ་འགྲོའི་རྒྱུ་ལམ་      དུས་འཁོར་ལས་ལྷོ་དང་ དབྱངས་འཆར་ལས་ནུབ་བྱང་། ཕྱི་དྲོ་ཆུ་ཚོད་ ༦ སྐར་མ་ ༤༩ ལས་ དུས་འཁོར་ལས་ནུབ་བྱང་དང་ དབྱངས་འཆར་ལས་བྱང་ལུ་ཐེབས།
ཕྱོགས་བཟང་       གང་བ་ཤར་དང་ ཡར་འཕེལ་ལྷོ།


སྤྱི་ཚེས་༠༧/༡༡/༢༠༢༡

གཟའ་ ཟླ་བ་།ལྕགས་གླང་ཟླ་ ༡༠ པའི་ཚེས་ ༣ ལུ།

སྐར་མ་    ལྷ་མཚམས་
ཉིནམ་    ས་ཁྱི་
རྟེན་འབྲེལ་    མ་རིག
འཕྲོད་སྦྱོར་    ས་ཆུ་ཕྲད་པ།
འབད་བཏུབ་   འདི་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བས།   ལྷ་བསངས་ཁྲུས་གསོལ་འབད་ནི་དང་ རྟེན་གསུམ་གསརཔ་བཞེང་ནི་ རབ་གནས་འབད་ནི་ ལྷ་སྲུང་གསོལ་ནི་ གོ་གནས་གསརཔ་བསྐོས་ནི་  རིག་གནས་ཡིག་རྩིས་ལྷབ་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ གཉེན་རྐྱབ་ནི་དང་ དགའ་སྟོན་རྟེན་འབྲེལ་བརྩི་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ བང་མཛོད་བཙུགས་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ལེགས་ཤོམ་ཡོད།
འབད་མ་བཏུབ་   ཨ་ལོ་གསར་སྐྱེས་ཕྱི་ཁར་བཏོན་ནི་དང་ བཙས་སྟོན་འབད་ནི་ཚུ་མི་བཏུབ་པས།

དུས་ཚོད་བཟང་པོ་    སྔ་དྲོ་ ༦ ལས་ ༧ དང་ ༡༠ ལས་ ༡༡ ཚུན།

བགེགས་ཀྱི་རྒྱུ་ལམ་    བྱང་དང་ ཕྱི་དྲོ་ཆུ་ཚོད་ ༤ དང་སྐར་མ་ ༢༥ ལས་ཤར།

མཁའ་འགྲོའི་རྒྱུ་ལམ་   དུས་འཁོར་ལས་ནུབ་བྱང་དང་ དབྱངས་འཆར་ལས་བྱང་། ཕྱི་དྲོ་ཆུ་ཚོད་ ༤ དང་སྐར་མ་ ༢༥ ལས་དུས་དབྱངས་གཉིས་ཆ་ར་བྱང་ཤར་ལུ་ཐེབས།
ཕྱོགས་བཟང་    གང་བ་ཤར་དང་ ཡར་འཕེལ་ལྷོ།