གཟའ་སྐར།


སྤྱི་ཚེས་ ༢༠/༠༩/༢༠༢༢- སྤྱི་ཚེས་ ༢༦/༠༩/༢༠༢༢
ཆུ་སྟག་ཟླ་བདུན་པའི་ཚེས་ ༢༥། སྤྱི་ཚེས་ ༢༠/༠༩/༢༠༢༢འབད་བཏུབ་ ཉིནམ་དེ་ཁར་དྲོ་པ་ཆུ་ཚོད་ ༩ དང་སྐར་མ་ ༡༣ ཚུན་གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ གོ་གནས་གསར་བསྐོས་འབད་ནི་དང་ རིག་གནས་ཡིག་རྩིས་ལྷབ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ལེགས་ཤོམ་ཡོད།

འབད་མ་བཏུབ་ གཞན་ ལྷ་སྲུང་གསོལ་ནི་ གཉེན་རྐྱབ་ནི་དང་ གཉེན་གྱི་དགའ་སྟོན་འབད་ནི་ཚུ་མི་བཏུབ་པས།
ཆུ་སྟག་ཟླ་བདུན་པའི་ཚེས་ ༢༦། སྤྱི་ཚེས་ ༢༡/༠༩/༢༠༢༢འབད་བཏུབ་ ཉིནམ་དེ་ཁར་གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ ལྷ་སྲུང་གསོལ་ནི་དང་ ཕྱཱ་འགུགས་རྐྱབ་ནི་ གོ་གནས་གསརཔ་བསྐོས་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ སྡོད་གནས་སྤོ་ནི་དང་ ཚོང་ལ་གསརཔ་འགོ་བཙུག་ནི་ཚུ་བཏུབ་པས།

འབད་མ་བཏུབ་ གཞན་ ཁང་བཟང་རབ་གནས་འབད་ནི་དང་ ཁྱིམ་ལཱ་འགོ་བཙུགས་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་དང་ ཁྱིམ་ཐོག་བཀབ་ནི་ གཤིན་ལས་འབད་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ཚུ་མི་བཏུབ་པས།
ཆུ་སྟག་ཟླ་བདུན་པའི་ཚེས་ ༢༧། སྤྱི་ཚེས་ ༢༢/༠༩/༢༠༢༢འབད་བཏུབ་ ཉིནམ་དེ་ཁར་གཟའ་སྐར་འཕྲོད་སྦྱོར་ངན་པའི་ཁར་ ་ཉི་ནག་དང་དྲང་སྲོང་ཡན་ཀྭོང་ཡང་ཕོགཔ་ལས་ དུས་རྒྱུན་གྱི་ལཱ་ཚུ་རྐྱངམ་ཅིག་མ་གཏོགས།

འབད་མ་བཏུབ་ གཞན་ གོ་གནས་གསརཔ་བསྐོས་ནི་དང་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གོང་མའི་ཞབས་སར་བཅར་ནི་ གཉེན་རྐྱབ་ནི་དང་ གཉེན་གྱི་དགའ་སྟོན་ རྟེན་འབྲེལ་བརྩི་ནི་ཚུ་མི་བཏུབ་པས།
ཆུ་སྟག་ཟླ་བདུན་པའི་ཚེས་ ༢༨། སྤྱི་ཚེས་ ༢༣/༠༩/༢༠༢༢འབད་བཏུབ་ ཉིནམ་དེ་ཁར་གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ གོ་གནས་གསརཔ་བསྐོས་ནི་དང་ རིག་གནས་ཡིག་རྩིས་ལྷབ་ནི་ རྟེན་འབྲེལ་བརྩི་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ཚུ་ལེགས་ཤོམ་ཡོད།

འབད་མ་བཏུབ་ གཞན་ ས་ཞིང་ཕྱི་ཁར་བཙོང་ནི་དང་ བ་དན་ཡོདཔ་ལས་དར་འཕྱར་ནི་ཚུ་མི་བཏུབ་པས།
ཆུ་སྟག་ཟླ་བདུན་པའི་ཚེས་ ༢༩། སྤྱི་ཚེས་ ༢༤/༠༩/༢༠༢༢འབད་བཏུབ་ ཉིནམ་དེ་ཁར་གཟའ་སྐར་འཕྲོད་སྦྱོར་བཟང་ཡང་ ས་བདག་ངན་པ་དབུལ་པོ་ལག་སྟོང་ཕོགཔ་ལས་ དུས་རྒྱུན་གྱི་ལཱ་དང་བྱ་བ་སོགས་རྐྱངམ་ཅིག་མ་གཏོགས།

འབད་མ་བཏུབ་ གཞན་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ གོ་གནས་གསར་བསྐོ་འབད་ནི་དང་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ གོང་མའི་ཞབས་སར་བཅར་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ ཞིང་ཁར་སོན་བཏབ་ནི་ གཤིན་དོན་མོ་རྩིས་བཏབ་འབད་ནི་དང་ ཁྱིམ་ཐོག་བཀབ་ནི་ཚུ་མི་བཏུབ་པས།
ཆུ་སྟག་ཟླ་བདུན་པའི་ཚེས་ ༣༠། སྤྱི་ཚེས་ ༢༥/༠༩/༢༠༢༢འབད་བཏུབ་ ཉིནམ་དེ་ཁར་གཟའ་སྐར་འཕྲོད་སྦྱོར་ངན་པའིི་ཁར་ ཞག་དུས་ངན་པ་ཡང་ཕོགཔ་ལས་ དུས་རྒྱུན་གྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་ཅིག་མ་གཏོགས།

འབད་མ་བཏུབ་ གཞན་ རབ་གནས་འབད་ནི་དང་ གོ་གནས་གསརཔ་བསྐོས་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་དང་ སྡོད་གནས་སྤོ་ནི་ ཚུ་མི་བཏུབ་པས།
ཆུ་སྟག་ཟླ་བརྒྱད་པའི་ཚེས་ ༡ ལུ། སྤྱི་ཚེས་ ༢༦/༠༩/༢༠༢༢འབད་བཏུབ་ ཉིནམ་དེ་ཁར་གཟའ་སྐར་འཕྲོད་སྦྱོར་བཟང་ཡང་ ས་བདག་ངན་པ་དབུལ་པོ་ལག་སྟོང་ཡང་ཕོགཔ་ལས་ ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་ཅིག་མ་གཏོགས།

འབད་མ་བཏུབ་ གཞན་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ གོ་གནས་གསར་བསྐོས་འབད་ནི་དང་ སྡོད་གནས་སྤོ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ དར་འཕྱར་ནི་དང་ ཁྱིམ་ཐོག་བཀབ་ནི་ཚུ་མི་བཏུབ་པས།
Source: གྲྭ་ཚང་ལྷན་ཚོག།