མཐོ་རིམ་སློབ་གྲྭ་༧གྱི་ནང་ལུ་ ཤེས་ཡོན་གྱི་ལས་རིམ་གསརཔ་༧འགོ་བཙུགས་ནི།

༉ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ མཐོ་རིམ་ཤེས་ཡོན་སྦྱང་མི་ཚུ་ རིག་རྩལ་ཅན་དང་ལཱ་འབད་ཆོགཔ་སྦེ་བཟོ་ནི་གི་དོན་ལས་ ཤེས་ཡོན་གྱི་ལས་རིམ་ཚུ་ ལཱ་གཡོག་གི་གོ་སྐབས་དང་འཁྲིལ་ཏེ་བཟོ་ནི་སྦེ་འདུག

འདི་གི་དོན་ལུ་ གཙུག་ལག་སློབ་སྡེ་འདི་གིས་ ད་རིས་ སྲོལ་འཛིན་ལས་ཁུངས་དང་གཅིག་ཁར་ གོ་བརྡའི་ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་དེ་ཡོདཔ་ཨིན།

ཤེས་ཡོན་ལས་རིམ་གསཔ་ཚུ་ཡང་ བཟོ་རིག་ཉམས་སྲུང་དང་ དངོས་མེད་ལམ་སྲོལ་ དེ་ལས་ གནའ་ཤུལ་བརྟག་ཞིབ་རིག་པ་དང་ རང་བཞིན་དང་མི་སྡེ་ཚན་རིག་ འདི་བཟུམ་སྦེ་ འགྲེམ་སྟོན་ཁང་དང་འབྲེལ་བའི་ལས་རིམ་ཚུ་ཨིན་མས།

འདི་ཡང་  སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་དང་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་དང་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ དེ་ལས་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་དང་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ འདི་བཟུམ་སྦེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ཚུ་ནང་ལུ་བཙུགས་ནི་གི་ལས་རིམ་འདུག

ཨིན་རུང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ལས་རིམ་གསརཔ་འདི་ཚུ་ ནམ་ལས་འགོ་བཙུགས་ནི་ཨིན་ན་ ད་ལྟོ་ཐག་མ་བཅད་པར་ཡོདཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube