རྒྱལ་ཁབ་ནང་ལུ་ ད་རེས་ སྒོང་རྡོག་མ་ལང་པའི་དཀའ་ངལ་འཐོན་ཏེ་ཡོདཔ།

༉ ད་རེས་ རྒྱལ་ཁབ་ནང་ལུ་ སྒོང་རྡོག་མ་ལང་པའི་དཀའ་ངལ་འཐོན་ཏེ་ཡོདཔ་ཨིན།

འདི་ལུ་ མི་སེར་སོ་ནམ་པ་ཚུ་གིས་འབད་བ་ཅིན་ ད་རེས་ སྒོང་རྡོག་མ་ལང་པའི་དཀའ་ངལ་ཐོན་མི་འདི་ཡང་ ཅིག་འདི་ ལྷད་ཞུགས་ཏེ་ཡོད་པའི་དོགས་པ་ཡོད་མི་ བྱའི་ཟན་མ་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

རྩི་རང་འདི་ རྒྱལ་ཁབ་ནང་ལུ་ སྒོ་རྡོག་གི་འཐོན་ཤུགས་ཆེ་བའི་ རྫོང་ཁག་ཅིག་ཨིན་རུང་ རྫོང་ཁག་འདི་ནང་ཡང་ ཡུདཔ་ཅིག་ སྒོང་རྡོག་མ་པ་ལས་རང་འཐོན་ནི་མེད་པར་ ཟླཝ་ལྷགཔ་ཅིག་སོང་སྟེ་འདུག

རྫོང་ཁག་འདི་ནང་ བྱ་གསོ་སྐྱོང་འཐབ་མི་གཅིག་འདི་ སྒོ་གསར་གླིང་རྒེད་འོག་ནང་ལས་ ས་རི་མ་ཡ་ཨིནམ་ད་ མོགིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ ཉིནམ་རེ་ནང་ བྱམོ་སྟོང་ཕྲག་ཕྱེད་ད་ ༢ དེ་ཅིག་གིས་ སྒོང་རྡོག་ཤོག་སྒྲོམ་ ༦ དེ་རེ་བུད་དོ་ཡོད་རུང་ ད་རེས་ ཀྲེ་ ༢ དང་ ༣ དེ་ཅིག་ལས་བརྒལ་ བུད་མི་ཚུགས་པས་ཟེར་བཤད་ཅི།

སྒོང་རྡོག་མེད་པའི་དཀའ་ངལ་འདི་ གཞན་མི་རྫོང་ཁག་ནང་ཡང་ ཅོག་རང་ཐདཔ་སྦེ་ཐོན་ཏེ་ཡོདཔ་ད་ ཐིམ་ཕུག་ལུ་འབད་བ་ཅིན་ སྒོང་རྡོག་ཚུ་ ཨ་རྟག་བཟུམ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་ནི་འདི་གིས་ གོང་ཚད་ཡང་ ལེ་ཤ་གིས་ཡར་སེང་སོང་སྟེ་འདུག

འདི་ཡང་ ད་རེས་ ཐིམ་ཕུག་ལུ་ སྒོང་རྡོག་ཀྲེ་རེ་ལུ་ དངུལ་ཀྲམ་ ༥༠༠ དེ་རེ་གནས་དོ་ཡོདཔ་ཨིན་མས།

བྱ་འདི་ཚུ་ མགྱོགས་སུ་ཅིག་སྦེ་ དྲག་ནི་བཟུམ་ཅིག་མེདཔ་ལས་ སྒོང་རྡོག་མ་ལང་པའི་གནད་དོན་འདི་ འཐོན་ཏེ་རང་སྡོད་ནི་བཟུམ་ཅིག་ཡོདཔ་ཨིན་མས།

ཟན་མ་འདི་བྱིན་ནི་འགོ་བཙུགས་ཞིནམ་ལས་ སྤྱི་ཟླ་ ༡༡ པའི་ནང་ བྱ་སྟོང་ཕྲག་ ༥༤ ལྷགཔ་ཅིག་ཤི་ཡོདཔ་མ་ཚད་ ལེ་ཤ་ཅིག་རང་ ན་ཡོདཔ་སྦེ་ཨིན་མས།

ཟན་མ་འདི་ ཀརྨ་ཕིཌསི་ལས་སྡེ་གིས་བཟོ་ཡོདཔ་ད་ ཟན་མ་འདི་གི་དཔེ་ཚད་འདི་ ད་རེས་ ཕྱི་རྒྱལ་ལུ་བརྟག་དཔྱད་འབད་བར་བཏང་སྟེ་ཡོདཔ་ལས་ སྙན་ཞུ་ལུ་ བསྒུག་པའི་བསྒང་རང་འདུག

འདི་བཟུམ་སྦེ་ ཟན་མ་བཟོ་མི་ལས་སྡེ་འདི་གིས་ ཉམས་རྒུད་འབྱུང་མི་ལུ་ རྒུད་འཐུས་ཚུ་ཡང་ སྤྲོད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube