ཨ་ལཱན་ཅི་གི་གོང་ཚད་ ལེགས་ཤོམ་ཡོདཔ།

༉ ལོ་༡༠དེ་ཅིག་གི་རྒྱབ་ལས་ ད་རེས་ གཞལ་སྒང་ལུ་ ཨ་ལཱན་ཅི་གི་གོང་ཚད་ ཡར་སེང་འགྱོ་དོ་ཡོདཔ་དང་ ད་རེས་ ཨ་ལཱན་ཅི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༨༠༠དེ་རེ་ འཐོབ་དོ་ཡོདཔ་ཨིན་མས།

འདི་གུ་ ཨ་ལཱན་ཅི་ མཁོ་འདོད་བསྐྱེད་མི་ ཡར་སེང་འགྱོ་སྟེ་ར་ཡོདཔ་ལས་ གཞལ་སྒང་ལུ་ ཨ་ལཱན་ཅི་གི་ལཱ་འབད་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་འདུག

དབང་འདུས་སྒང་གཡུས་མཚན་ནང་ ལོ་༣༦ལང་མི་ ཤཱ་བྷ་དུར་མོང་གར་གྱིས་ ལོ་༡༠དེ་ཅིག་གི་ཧེ་མ་ལས་ ཨ་ལཱན་ཅི་གི་ལཱ་འབད་ནི་ འགོ་བཙུགས་ཡོདཔ་དང་ འདི་བསྒང་ལས་ གོང་ཚད་འདི་ མར་ཕབ་འགྱོ་ནི་འགོ་བཙུགས་ནུག

ཨིན་རུང་ ད་ལྟོ་ཚུན་ཚོད་ ཁོ་གིས་ ལཱ་ཚུ་ རྩ་འགེངས་ཏེ་ར་འབད་ནུག

ཁོ་གིས་སླབ་མི་ནང་ ཨ་ལཱན་ཅི་གི་ལཱ་འབད་ནི་འདི་ ལཱ་ཁག་ཡོདཔ་ཨིན་རུང་ འབད་ཐངས་འདི་ར་ཤེས་པ་ཅིན་ འཇམ་པས་ཟེར་བཤད་ཅི།

ཤཱ་བྷ་དུར་གྱིས་ དུས་ཅི་ ད་ལྟོ་ཚུན་ཚོད་ ཨ་ལཱན་ཅི་ ཀེ་ཇི་སྟོང་ཕྲག་ཀོ་ཆ་ཅིག་ བཙོང་ཞིནམ་ལས་ དངུལ་ཀྲམ་འབུམ་༧དེ་ཅིག་ བཟོ་ཚུགས་ཏེ་འདུག

གཞལ་སྒང་ལུ་ ཨ་ལཱན་ཅི་གི་ལཱ་འབད་མི་ གཞན་མི་ཚུ་ཡང་ གོང་ཚད་ལུ་ལྟ་སྟེ་ སེམས་དགའ་སྟེ་འདུག

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ ཐོན་སྐྱེད་ཚུ་ ཉོ་ནིའི་ལམ་ལུགས་ཅིག་ འགོ་བཙུགས་མི་འདི་གིས་ གོང་ཚད་ལེགས་ཤོམ་འཐོབ་ནི་ནང་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ པདྨ་བསམ་གྲུབ། གཞལ་སྒང་།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube