ལྷན་ཐབས་ཚོགས་རྒྱན་བཙུགས་ནི་ འགོ་བཙུགསཡོདཔ་ཨིན།

༉ རྒྱལ་ཁབ་ནང་ལུ་ ལྷན་ཐབས་ཚོགས་རྒྱན་དང་ འགྲུལ་བསྐྱོད་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་དེ་ཡོད་མི་ཚུ་གིས་ ཚོགས་རྒྱན་བཙུགས་ནི་འདི་ ད་རིས་ལས་ འགོ་བཙུགས་ཡོདཔ་ཨིན།

ཐིམ་ཕུག་ལུ་ ས་གནས་ཁག་ཚུ་ནང་ ལྷན་ཐབས་ཚོགས་རྒྱན་གྱི་ས་གོ་༡༡བཙུགས་ཏེ་ཡོདཔ་དང་ བཙག་འཐུ་ལྷན་ཚོགས་ཀྱིས་ དེ་སྦེ་འབད་མི་འདི་ཡང་ ནད་ཡམས་ཀྱི་གནས་སྟངས་ལུ་ གཞི་བཞག་སྟེ་ཨིན་མས།

ཧེ་མ་འབད་བ་ཅིན་ ལྷན་ཐབས་ཚོགས་རྒྱན་གྱི་ཞབས་ཏོག་འདི་ ཁྱད་ཚད་ལྡན་མི་ ཞི་གཡོགཔ་དང་ ལས་འཛིན་གྱི་ལས་བྱེདཔ་ སྦྱོང་བརྡར་འབད་མི་དང་ དམག་སྡེ་ དེ་ལས་ ཁོང་གི་བཟའ་ཚུ་ལུ་བྱིན་ཏེ་ཡོདཔ་ཨིན།

ཨིན་རུང་ ད་རེས་ ནད་ཡམས་ཀྱི་གནས་སྟངས་ནང་འབདཝ་ལས་ ལྷན་ཚོགས་ཀྱིས་ ཞབས་ཏོག་འདི་ ཐོ་བཀོད་འབད་དེ་ཡོད་པའི་ ཚོགས་རྒྱན་བཙུགས་མི་ག་ར་ལུ་ བྱིན་ནི་སྦེ་ཐག་བཅད་ནུག

 རྒྱལ་ཁབ་ནང་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་བཙུགས་མི་ འབུམ་༤དང་སྟོང་ཕྲག་༦༠ཡོད་ས་ལས་ སྟོང་ཕྲག་༩༥ལྷགཔ་ཅིག་གིས་ ལྷན་ཐབས་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་དེ་འདུག

ཐིམ་ཕུག་རྐྱངམ་ཅིག་ལས་ མི་སྟོང་ཕྲག་༣༠ལྷགཔ་ཅིག་གིས་ ལྷན་ཐབས་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་དེ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ བསམ་གཏན་སྒྲོལ་དཀར། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube