ཕུན་ཚོགས་གླིང་ཁྲོམ་འདི་ རྟ་འཁྱམས་སའི་ ཁྲོམ་ཅིག་ལུ་འགྱུར་ཏེ་ཡོདཔ།

༉ ཧེ་མ་འབད་བ་ཅིན་ ཕུན་ཚོགས་གླིང་གི་ཁྲོམ་འདི་ གནམ་དགུན་ མི་ལེ་ཤ་སྦེ་འཛོམས་སའི་ ཁྲོམ་ཅིག་ཨིན་རུང་ ད་རེས་ནངས་པ་ རྟ་འདི་ཚུ་འཁྱམས་སའི་ ས་གོ་ཅིག་ལུ་འགྱུར་ཏེ་སྦེ་འདུག།

མི་ཚུ་གིས་སླབ་མི་ནང་ ནད་ཡམས་ཀྱི་གནས་སྟངས་ནང་ འཕྲལ་འཕྲལ་ར་ འགྲོ་འགྲུལ་བཀག་དམ་འབད་ནི་འདི་གིས་ མི་མང་ཤོས་ཅིག་ར་ རྫོང་ཁག་གཞན་ཁ་ལས་ཕར་འགྱོ་བའི་ཤུལ་མ་ རྟ་འདི་ཚུ་ འོང་ནི་འགོ་བཙུགས་ཅི་ཟེར་ཨིན་མས།

འདི་ཡང་ ཨ་རྟག་འབད་བ་ཅིན་ གནམ་དགུན་ རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁ་ལས་ མི་ཚུ་ ཕུན་ཚོགས་གླིང་ཁྲོམ་ཁར་འཛོམས་དོ་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ མི་མེན་པར་ སྦོ་ལོགས་ཁ་གི་ས་གནས་ཚུ་ནང་ལས་ རྟ་༢༠དེ་ཅིག་ ཁྲོམ་ཁ་ལུ་འཁྱམས་སྡོད་དོ་ཡོདཔ་ཨིན་མས།

རྟ་འདི་ཚུ་ཡང་ གླིང་ལྡན་གཡུས་ཚན་དང་ ཉེས་འདབས་ལུ་པའི་ གཡུས་མཚན་ཚུ་ནང་གི་ཨིན་མས།

འདི་ལུ་ ཁྲོམ་ཁར་སྡོད་མི་ཚུ་གིས་སླབ་མི་ནང་ སློབ་གྲྭ་ནང་འགྱོ་མི་ ཁོང་གི་ཨ་ལོ་ཚུ་ལུ་ རྟ་ཚུ་གིས་རྡོག་ཐེ་རེ་རྐྱབ་པ་ཅིན་ ཉེན་ཁ་འདུག་ཟེར་བཤད་ཅི།

འདི་མ་ཚད་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ རྟ་ཚུ་གིས་ ཁྱིམ་གྱི་གདོང་ཁར་ ཆུ་བཟེད་དེ་བཞག་མི་ཚུ་ཡང་ འཐུང་དོ་ཡོད་པའི་ཁར་ ཕྱགས་སྙིགས་ཚུ་ཡང་ སློང་དོ་ཡོདཔ་ལས་ ས་ཁོ་ཁམས་ལོག་སི་སི་སྦེ་ བཟོཝ་མས་ཟེར་ཨིན་མས།

འདི་དང་གཅིག་ཁར་ ཁྲོམ་སྡེ་ཡིག་ཚང་ལུ་ཡང་ རྟ་འདི་ཚུ་ འཛིན་སྐྱོང་འཐབ་ནི་འདི་ གདོང་ལེན་ཅན་ཅིག་སྦེ་འཐོན་ཏེ་འདུག

འདི་ཡང་ ཧེ་མ་ཚར་ཅིག་ ཁྲོམ་སྡེ་གིས་ རྟ་འདི་ཚུ་ བདག་འཛིན་འཐབ་སྟེ་བཞག་ཡོདཔ་ཨིན་རུང་ བདག་འཛིན་འཐབ་ནི་འདི་ ལཱ་ཁག་ཡོད་པའི་ཁར་ རྟའི་ཆགས་ཉོ་ནི་འདི་ཡང་ ཟད་འགྲོ་ལྕི་བས་ཟེར་བཤད་ཅི།

ད་ལྟོ་ཚུན་ཚོད་ སྟབས་མ་བདེཝ་སྦོམ་ཅིག་ ག་ནི་ཡང་མ་འཐོན་པར་ཡོད་རུང་ མི་ཚུ་གིས་འབད་བ་ཅིན་ མ་ཕྱིཔ་ཅིག་ལས་ ཐབས་ཤེས་ཅིག་བཏོན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་མས།

བསོད་ནམས་དཔལ་འབྱོར། གནས་ཚུལ་བསྡུ་ལེན། ཆུ་ཁ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube