འགྲུལ་འཁོར་གསརཔ་བཙུགས་མི་འདི་གིས་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་སེལ་ནི་ནང་ ལྷན་ཐབས་འབྱུང་ནི།

༉ ཐིམ་ཕུག་ཁྲོམ་སྡེ་གི་ས་སྒོ་ཚུ་ནང་ སྣུམ་འཁོར་མ་ཤོང་པའི་གནས་སྟངས་འདི་ འདས་པའི་ལོ་ཚུ་ནང་ལས་ སྐྱོ་དྲག་ཅིག་ལུ་འགྱུར་ཏེ་རང་ཡོདཔ་ཨིན།

ཨིན་རུང་ ད་ལས་ཕར་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ ཞབས་ཏོག་ཡར་དྲག་བཏང་སྟེ་ཡོད་པའི་ ཁྲོམ་སྡེ་འགྲུལ་འཁོར་ཚུ་ནང་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་མས།

འདི་ཡང་ མཐུན་རྐྱེན་གསརཔ་ཚུ་ཡོད་པའི་ ཁྲོམ་སྡེ་འགྲུལ་འཁོར་འཐེབ་༢༧བཙུགས་ཏེ་ཡོད་པའི་ཁར་ འགྲུལ་འཁོར་འགྱོ་སའི་ལམ་ཚུ་ཡང་ ཡར་སེང་འབད་དེ་ཡོད་ནི་འདི་གིས་ཨིན་མས།

ཁྲོམ་སྡེ་འགྲུལ་འཁོར་ཞབས་ཏོག་གི་མདོ་ཆེན་ངོ་ཚབ་ སངྱས་རྡོ་རྗེ་གིས་སླབ་མི་ནང་ འགྲུལ་འཁོར་གསརཔ་ཚུ་ནང་ལུ་ རླུང་བསིལ་གྱི་མཐུན་རྐྱེན་དང་ གསལ་བསྒྲགས་འབད་ནི་གི་མཐུན་རྐྱེན་ཚུ་ཡང་ བཙུགས་ཏེ་ཡོད་ཟེར་ཨིནམ་མ་ཚད་ འགྲུལ་འཁོར་རྒྱུན་འགྲུལ་འཐབ་སའི་ལམ་དང་ འགྲུལ་འཁོར་བསྒུག་སའི་ས་སྒོ་ཚུ་ཡང་ འཐེབ་བཙུགས་ཏེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཡིག་ཚང་འདི་གིས་ ཁྲོམ་སྡེ་འགྲུལ་འཁོར་ཞབས་ཏོག་འདི་ ཕྱི་རུ་ཆུ་ཚོད་༨ཀྱི་ཤུལ་ལས་ཡང་ འབྱིན་ནི་གི་འཆར་གཞི་བརྩམ་དོ་ཡོདཔ་ཨིན་མས།

འགྲུལ་འཁོར་གསརཔ་འདི་ནང་ གླ་ཆ་ཚུ་སྤྲོད་ནི་གི་དོན་ལུ་ ཨིས་མརཊ་ཀརཊ་ཟེར་ འཕྲུལ་རིག་གི་ལམ་ལུགས་ཚུ་བཙུགས་ཏེ་ཡོདཔ་ཨིན་མས།

ཨིས་མརཊ་ཀརཊ་གི་ལམ་ལུགས་འདི་ འགྲུལ་འཁོར་རྙིངམ་ ༡༨ ནང་ལུ་ཡང་ བཙུགས་ནི་ཨིན་མས།

ད་རུང་ འགྲུལ་འཁོར་ཞབས་ཏོག་གི་མདོ་ཆེན་ སངྱས་རྡོ་རྗེ་གིས་སླབ་མི་ནང་ ཁྲོམ་སྡེ་འགྲུལ་འཁོར་ཞབས་ཏོག་གིས་ དགའ་སྐྱིད་རཡིཌ་ཟེར་མི་ འགྲུལ་འཕྲིན་གྱི་རིམ་ལུགས་གཅིག་ཡང་ འགོ་འབྱེད་འབད་ཡི་ཟེར་བཤད་ཅི།

རིམ་ལུགས་འདི་ལས་བརྟེན་ འགྲོ་འགྲུལ་པ་ཚུ་གིས་ འགྲུལ་འཁོར་གླ་ཆ་དང་ལམ་ དེ་ལས་ འགྲོ་འགྲུལ་གྱི་དུས་ཚོད་དང་ ལམ་ཐག་ཚུ་གི་སྐོར་ལས་ ཧ་གོ་ཚུགས་ནི་ཨིན་མས།

ཁྲོམ་སྡེ་འགྲུལ་འཁོར་གསརཔ་ཚུ་ཡང་ འགྲུལ་འཁོར་རེ་ལུ་ དངུལ་ཀྲམ་ས་ཡ་༣དང་འབུམ་༤དེ་རེ་སྤྲོད་དེ་ མཁོ་སྒྲུབ་འབད་དེ་འདུག

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube