ལོ་༥ འཆར་གཞི་༡༢ པའི་ལས་སྣང་ཚུ་ འཆར་གཞི་དང་འཁྲིལ་ཏེ་འགྱོ་དོ་ཡོདཔ།
སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༢༡
༉ ད་རིས་ རྒྱལ་ཡོངས་ཚོགས་འདུའི་ནང་ དྲི་བཀོད་ལས་རིམ་གྱི་སྐབས་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ལུ་ ལོ་༥ འཆར་གཞི་༡༢ པའི་ དམིགས་གཏད་བསྐྱེད་མི་གི་ལས་སྣ་ཚུ་ རེ་བ་སྐྱེད་དོ་བཟུམ་ཅིག་རང་ སྒྲུབ་མ་ཚུགས་མི་དང་ གསར་སྒྲུབ་ཀྱི་མ་དངུལ་ མར་ཕབ་འབད་ཡོད་མི་གི་སྐོར་ལས་ དྲི་བ་བཀོད་དེ་ཡོདཔ་ཨིན།
འདི་ཡང་ བསྐྱེངས་མཁར་-ཝེ་རིང་ལ་གི་ སྤྱི་ཚོགས་ཀྱི་འཐུས་མི་ རིན་འཛིན་རྒྱ་མཚོ་གིས་ཞུ་མི་ནང་ ལོ་ལྔ་འཆར་གཞི་༡༢པའི་ ལཱ་སྐོར་ཚུ་གི་ བར་མཚམས་བསྐྱར་ཞིབ་ཀྱི་ སྙན་ཞུ་ལུ་ལྟ་བ་ཅིན་ ཚ་གྱང་ལང་དགོ་པའི་ གནད་དོན་ཅིག་སྦེ་ འཐོན་ཏེ་འདུག་ཟེར་ཨིན་མས།
འདི་ལུ་ བློན་ཆེན་གྱིས་ཞུ་མི་ནང་ ད་རེས་ ལས་སྣ་ག་ར་ འཆར་གཞི་དང་འཁྲིལ་ཏེ་རང་ འགྱོ་དོ་ཡོད་པའི་ཁར་ འཆར་ལོ་འདི་ གསར་སྒྲུབ་ཀྱི་མ་དངུལ་འདི་ཡང་ ཡར་སེང་འབད་དེ་ཡོདཔ་ལས་ གནད་དོན་འདི་ མི་བདེན་ཟེར་ཨིན་མས།
གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ། ཐིམ་ཕུག







རྒྱང་བསྒྲགས་དང་མཐུད་འབྲེལ།