ནང་སྲིད་བློན་པོ་ མངོན་མཐོ་ཁྲིམས་ཀྱི་མདུན་སར་ མཐོ་གཏུགས་ཞུ་ཡོདཔ།
སྤྱི་ཟླ་༣ པའི་ཚེས་ ༢༩ ༢༠༢༡
༉ ནང་སྲིད་བློན་པོ་ ཤེས་རབ་རྒྱལ་མཚན་དང་གཅིག་ཁར་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ ཧེ་མའི་བཀོད་ཁྱབ་མདོ་ཆེན་དང་ འགོ་དཔོན་༣ གྱིས་ སྣུམ་འཁོར་གྱི་ཉེན་བཅོལ་ཐོབ་ལམ་ནང་ལུ་ ཉེས་འཛུགས་ཕོག་ཡོད་མི་གི་རྩོད་གཞི་འདི་ ད་རིས་ མངོན་མཐོ་ཁྲིམས་ཀྱི་མདུན་སར་ མཐོ་གཏུགས་ཞུ་ནུག
འདི་ཡང་ བདུན་ཕྲག་གཅིག་གི་ཧེ་མ་ ཆེ་མཐོ་ཁྲིམས་ཀྱི་འདུན་སའི་ གྲངས་མང་ཁྲིམས་ཁྲི་གིས་ ཁོང་ཆ་ཁྱབ་ སྣུམ་འཁོར་གྱི་ཉེན་བཅོལ་གྱི་ཐོབ་ལམ་ནང་ལུ་ གཡོ་སྒྱུ་འབད་བའི་ཤུལ་ བཙོན་ཁྲིམས་བཀལ་ཡོད་ནི་འདི་གིས་ཨིན་མས།
ཆེ་མཐོ་ཁྲིམས་ཀྱི་འདུན་སའི་ གྲངས་མང་ཁྲིམས་ཁྲི་དང་འཁྲིལ་བ་ཅིན་ ནང་སྲིད་བློན་པོ་གིས་ སྤྱི་ལོ་༢༠༡༦ སྤྱི་ཟླ་༦ པའི་ནང་ལུ་ ཁོ་གི་སྣུམ་འཁོར་པར་དཱོ་འདི་ བླམ་དཔལ་རི་ལུ་ ཐུག་རྐྱེན་བྱུང་ཡོདཔ་སྦེ་ འབྲུག་ཉེན་སྲུང་ལས་འཛིན་ནང་ལས་ ཉེན་བཅོལ་གྱི་ཐོབ་ལམ་ཚུ་ གཡོ་སྒྱུ་གི་ཐོག་ལས་ ལེན་ཏེ་ཡོདཔ་སྦེ་ཨིན་མས།
ནང་སྲིད་བློན་པོ་གིས་ སྣུམ་འཁོར་ཐུག་རྐྱེན་བྱུང་པའི་ཤུལ་ལུ་ ཞུ་ཡིག་བཙུགས་མི་དང་ ཉེན་བཅོས་ཀྱི་ཐོབ་ལམ་ལེན་མི་འདི་ འཛུལ་བ་མེནམསྦེ་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་ཞུཝ་ཨིན་མས།\







རྒྱང་བསྒྲགས་དང་མཐུད་འབྲེལ།