གཟའ་ཕུར་བུ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༨

ཀེ་བ་ལོག་སྟེ་རང་ ཕྱིར་ཚོང་འཐབ་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༢༠

༉ ཕུན་ཚོགས་གླིང་ལས་ ཀེ་བ་ཕྱིར་ཚོང་འཐབ་ནི་འདི་ ཡུདཔ་ཅིག་བདུན་ཕྲག་༣མ་ལངམ་ཅིག་ མཚམས་འཇོག་འབད་བཞག་པའི་ཤུལ་མ་ ད་རིས་ལས་ ཕྱིར་ཚོང་འཐབ་ཚུགས་ཏེ་འདུག

འདི་ཡང་ རྒྱ་གར་གྱི་ཚོང་དང་བཟོ་གྲྭ་ལྷན་ཁག་གིས་ ཆོག་ཐམ་མ་དགོ་པར་ འབྲུག་ལས་ ཀེ་བ་ཚུ་ སང་ཕོད་སྤྱི་ཟླ་དང་པ་ཚུན་ཚོད་ ནང་འདྲེན་འབད་ཆོགཔ་སྦེ་ གསལ་བསྒྲགས་འབད་མི་ལུ་བརྟེན་ཏེ་ཨིན་མས།

ཕུན་ཚོགས་གླིང་ལས་ ཀེ་བ་ཕྱིར་ཚོང་འཐབ་ནི་འདི་ཡང་ ཧང་སྟོང་མར་ དུས་ཅི་ སྤྱི་ཟླ་འདི་གི་སྤྱི་ཚེས་༡༡ལས་ བཀག་ཆ་འབད་དེ་ཡོདཔ་ད་ འདི་ཡང་ ཕྱིར་ཚོང་གི་ཐོ་ནང་ལུ་ ཨ་ལཱན་ཅི་དང་ ཉ་ཁག་ཅུ་ཚུ་རྐྱངམ་ཅིག་མ་གཏོགས་ ཀེ་བ་ཚུ་ མ་ཚུད་པར་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

འཕྲལ་ཁམས་ཅིག་ཁ་ལས་ ཀེ་བ་དང་རྡོག་མ་ དེ་ལས་ ཨེ་པཱལ་དང་ཚལ་ལུ་ འདི་བཟུམ་སྦེ་ ས་སྒ་ཚུ་ རྒྱ་གར་ལུ་བཙོང་ཆོག་པའི་ཐོ་བཀོད་ནང་ ཚུད་དེ་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ ད་རེས་འགོ་དང་པ་ རྒྱ་གར་གྱི་ས་མཚམས་ཁྲོམ་ ཇའི་གོང་ལུ་ ཅ་རྣམ་གྱི་རིགས་ཚུ་ ནད་གཞི་ཡོདཔ་མེདཔ་བརྟག་དཔྱ་འབད་ནི་གི་དོན་ལུ་ བརྟག་དཔྱད་ལྟེ་བ་གཅིག་ཡང་ སྒོ་ཕྱི་སྟེ་སྦེ་འདུག

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལ་འབྱོར།