ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཕོ་སྐྱེས་གཅིག་ལུ་ བཙོན་ཁྲིམས་ལོ་ ༥ མ་ལངམ་ཅིག་གི་འཁྲུན་ཆོད་གནང་ཡོདཔ།
སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༢༠
༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཁ་ཙ་ སྐྱེས་ལོ་ ༤༧ ལང་མི་ཕོ་སྐྱེས་གཅིག་ལུ་ ནད་ཡམས་ཀོ་ཝིཌ་ནའིན་ཊིན་གྱི་སྒྲིག་གཞི་དང་ ལམ་ལུགས་ལས་འགལ་ཡོད་པའི་ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་ ༥ མ་ལངམ་ཅིག་གི་འཁྲུན་ཆོད་གནང་སྟེ་འདུག
ཆུ་ཁ་རྫོང་ཁག་ བསམ་འཕེལ་གླིང་རྒེད་འོག་ནང་ལས་ཨིན་མི་ ཉེས་ཅན་ཕོ་སྐྱེས་འདི་ཡང་ ལོག་ཅི་ལོག་ཅི་རང་ ས་མཚམས་ཚུ་བརྒལ་ཏེ་ རྒྱ་གར་གྱི་གཡུས་ཚན་ནང་འགྱོ་སྟེ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ཨིན་མས།
འདི་ཡང་ ཕོ་སྐྱེས་འདི་གིས་ འགོ་དང་པ་རང་ དུས་ཅི་ སྤྱི་ཟླ་ ༤ པའི་ནང་ ས་མཚམས་ཕར་ཁ་གྱོ་སྟེ་ཡོདཔ་སྦེ་མཐོང་པའི་ཤུལ་མ་ ཟུར་བཞག་ལྟེ་བའི་ནང་བཞག་སྟེ་ ནད་ཡམས་ཀྱི་གནས་སྟངས་ནང་ རྒྱལ་ཁབ་ཀྱི་ས་མཚམས་བརྒལ་འགྱོ་ནི་འདི་ ཉེན་ཁ་ཚུ་ཡོད་པའི་སྐོར་ལས་ ཉེན་བརྡ་འབད་ཡོདཔ་ཨིན་མས།
ཨིན་རུང་ ཉེས་ཅན་འདི་གིས་ སྤྱི་ཟླ་ ༨ པའི་ནང་ཡང་ ས་མཚམས་བརྒལ་འགྱོ་ཞིན་ན་ ཞག་ཡང་ རྒྱ་གར་གྱི་གཡུས་ཚན་གཅིག་ནང་ སྡོད་ཡོདཔ་སྦེ་མཐོང་སྟེ་འདུག
གནད་དོན་ ༢ ཆ་རའི་ནང་ ཉེས་ཅན་ཕོ་སྐྱེས་འདི་གིས་ ས་མཚམས་བརྒལ་འགྱོ་མི་འདི་ཡང་ ཆང་འཐུང་ནི་གི་དོན་ལུ་ འགྱོ་སྟེ་ཡོདཔ་ཨིན་མས།







རྒྱང་བསྒྲགས་དང་མཐུད་འབྲེལ།