འབྲུག་པའི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ ན་ཧིང་ བརྒྱ་ཆ་ ༢ ལྷགཔ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ།
སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༢༠
༉ འབྲུག་པའི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ སྤྱི་ལོ་ ༢༠༡༨ དང་འཕྱདཔ་ད་ ན་ཧིང་ བརྒྱ་ཆ་ ༢ ལྷགཔ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།
ཨིན་རུང་ སྤྱི་ལོ་ ༢༠༢༠ ལོའི་ དཔལ་འབྱོར་གོང་འཕེལ་འདི་ ནད་ཡམས་ལས་བརྟེན་ ནེ་གེ་ཀྲིཕི་ནང་ ལུས་ནི་བཟུམ་ཅིག་ཡོདཔ་ཨིན་མས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་པ་ཅིན་ འབྲུག་པའི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ སྤྱི་ལོ་ ༢༠༡༨ ལུ་ བརྒྱ་ཆ་ ༣ དང་ཚག་ཀླད་ཀོར་ ༦ འབད་ས་ལས་ ན་ཧིང་ བརྒྱ་ཆ་ ༥ དང་ཚག་ ༤༦ ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་མས།
འདི་ཡང་ སྤྱི་ལོ་ ༢༠༡༩ ལུ་ ཡར་སེང་མཐོ་ཤོས་རང་ ཞབས་ཏོག་ལས་སྡེ་ནང་ བརྒྱ་ཆ་ ༩ དང་ཚག་ ༡༦ འབད་མི་འདི་ཨིནམ་ད་ འདི་གི་འོག་ལས་རང་ ལས་སྡེ་བར་མའི་ནང་ བརྒྱ་ཆ་ ༢ དང་ཚག་ཀླད་ཀོར་ ༡ འབད་མི་འདི་འཐོན་ཏེ་འདུག
འདི་བཟུམ་སྦེ་ ལས་སྡེ་ཆུང་བའི་ནང་འབད་བ་ཅིན་ ཡར་སེང་འདི་ བརྒྱ་ཆ་ ༡ དང་ཚག་ ༣༠ ཡོདཔ་ཨིན་མས།
འདི་དང་གཅིག་ཁར་ དཔལ་འབྱོར་གོང་འཕེལ་གྱི་ རྒྱལ་ཡོངས་ཀྱི་འོང་འབབ་ཀྱི་ཐད་ཁར་ བརྒྱ་ཆ་ ༥ དང་ཚག་ ༣༨ ཡར་སེང་འགྱོ་མི་འདི་ སྤྱི་ལོ་ ༢༠༡༨ དང་འཕྱདཔ་ད་ བརྒྱ་ཆ་ ༢ དང་ཚག་ ༦༨ ཀྱིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།
རྒྱལ་ཁབ་ནང་ མི་རློབས་འབུམ་ ༧ ལྷགཔ་ཅིག་ཡོད་མི་དང་བསྟུན་ མི་ངོམ་རེ་གི་ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ དངུལ་ཀྲམ་འབུམ་ ༢ དང་སྟོང་ཕྲག་ ༤༠ ལྷགཔ་ཅིག་ཐོ་བཀོད་འབད་དེ་ཡོདཔ་ལས་ ཧེ་མའི་ལོ་དང་འཕྱདཔ་ད་ དངུལ་ཀྲམ་སྟོང་ཕྲག་ ༡༢ དང་ ༤༠༠ དེ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ་ཨིན་མས།
ནང་འཁོད་འཐོན་སྐྱེད་ཡོངས་འབོར་འདི་ཡང་ རྒྱལ་ཁབ་ནང་ ལོ་གཅིག་གི་ནང་འཁོད་ ཐོན་སྐྱེད་བཏོན་མི་དང་ ཞབས་ཏོག་ཚུ་བྱིན་ཡོད་པའི་ གནས་གོང་ཡོངས་བསྡོམས་ལུ་གོཝ་ཨིན་མས།







རྒྱང་བསྒྲགས་དང་མཐུད་འབྲེལ།