གཟའ་ལྷག་པ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༢༨

ད་རུང་རང་ འབྲུག་མི་༡༥༣་རྒྱལ་ཁབ་ནང་ལུ་ལྷོད་དེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༢༠

༉ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་ ལཱ་འབད་དེ་སྡོད་མི་ ད་རུང་རང་ ཨ་ལུ་རྨས་སྐྱེ་ཅིག་རྩིས་ཏེ་ འབྲུག་མི་༡༥༣་ ད་རིས་ རྒྱལ་ཁབ་ནང་ལུ་ ལྷོད་དེ་ཡོདཔ་ཨིན།

ཁོང་ཆ་ཁྱབ་ཀྱི་གྲལ་ལས་ མི་ངོམ་༡༤༡་འདི་ ཀུ་ཝེཊ་ལས་འོང་ཡོདཔ་ད་ ༡༢་ སྦལ་བུ་གི་རྒྱལ་ས་ ཀཊ་མཱན་དྲུ་ལས་འོང་ཡོདཔ་ཨིན་མས།

ད་རེས་ ཁོང་ཆ་ཁྱབ་ ཐིམ་ཕུག་དང་སྤ་རོ་ལུ་ཡོད་པའི་ ཟུར་བཞག་ལྟེ་བ་ཚུ་ནང་ལས་ཕར་ བཞག་སྟེ་འདུག

ནད་གཞི་ཐོབ་ནི་གི་ ཉེན་ཁ་ཆེ་སུ་སྦེ་ཡོད་པའི་ རྒྱལ་ཁབ་ཚུ་ནང་ལས་འོང་མི་ མི་ངོམ་༢༣་ལས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་བརྟག་དཔྱད་ཀྱི་དོན་ལུ་ དཔེ་ཚད་ཚུ་ བསྡུ་ལེན་འབད་ནུག

རྣམ་རྒྱལ་དབང་ཕྱུག གནས་ཚུལ་བསྡུ་ལེན་པ། སྤ་རོ།