གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

རླུང་འཚུབ་ཨམ་པཱན་ལས་བརྟེན་ཏེ་ མང་སྡེ་ཆུ་གློག་མེ་དབང་འཛིན་ལུ་ གློག་ཤུགས་འཐེབ་བཏོན་ནི་ནང་ཁེ་ཕན།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ རྒྱལ་ཁབ་ནང་ རླུང་འཚུབ་ཨམ་པཱན་ལས་བརྟེན་ཏེ་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་ལུ་ གློག་ཤུགས་འཐེབ་བཏོན་ནི་ནང་ ཁེ་ཕན་བྱུང་སྟེ་ཡོདཔ་ཨིན་མས།

འདི་ཡང་ ལས་འགུལ་འདི་ལུ་ གློག་ཤུགས་མེ་ག་ཝཊ་ ༧༢༠ ལས་བརྒལ་བཏོན་ནི་གི་ནུས་པ་མེདཔ་ཨིན་རུང་ ཁ་ཙ་ ཉི་མ་ཁམས་ཅིག་ཁར་ བརྒྱ་ཆ་ ༡༠ དེ་ཅིག་གི་རྩིས་ འཐེབ་བཏོན་ཚུགས་ཏེ་འདུག
མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་ནང་ལས་ གློག་མེ་ཕྱིར་ཚོང་འཐབ་ནི་འདི་ཡང་ ན་ཧིང་ སྤྱི་ཟླ་ ༧ པའི་ནང་ལས་ འགོ་བཙུགས་ཏེ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ འོང་འབབ་དངུལ་ཀྲམ་ཐེར་འབུམ་ ༧ ལྷགཔ་ཅིག་ བཟོ་ཚུགས་ཏེ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ པ་སངས་རྡོ་རྗེ།

ཀྲོང་གསར།