གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

མི་སྡེ་བརྡ་བརྒྱུད་ནང་ལུ་ ཕོ་སྐྱེས་གཅིག་གིས་ ཟུར་བཞག་ས་སྒོ་ནང་ལུ་ ནད་གཞི་ཐོབ་སྟེ་ཡོད་མི་ ཁོ་རའི་ཨ་རོགས་དགའ་རོགས་འབད་སར་སོང་ཡོདཔ་སྦེ་བཀོད་མི་འདི་ མ་བདེན་པའི་ལོ་རྒྱུས་ཨིནམ།

སྤྱི་ཟླ་༥ པའི་ཚེས་ ༡༩ ༢༠༢༠

༉ གསོ་བའི་ལྷན་ཁག་གིས་བཀོད་མི་ནང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་དང་འབྲེལ་བའི་ ཝི་ཅེཊ་ནང་ལུ་ ཕོ་སྐྱེས་གཅིག་གིས་ ཟུར་བཞག་ལྟེ་བ་ནང་ལུ་ ནད་གཞི་ཐོབ་སྟེ་ཡོད་པའི་ ཁོ་རའི་ཨ་རོགས་དགའ་རོགས་འབད་སར་སོང་ཡོདཔ་སྦེ་ ལོ་རྒྱུས་དར་ཁྱབ་འགྱོ་མི་འདི་ མ་བདེན་པའི་ལོ་རྒྱུས་ཨིན་མས་ཟེར་བཤད་ཅི།

འདི་ཡང་ ཟུར་བཞག་ལྟེ་བ་དང་ གསོ་བའི་ལྷན་ཁག་གི་ བལྟ་རྟོག་སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ གཏན་ཁེལ་སོང་སྟེ་ཡོདཔ་ཨིན་མས།

མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ ཁྱབ་སྤེལ་འགྱོ་སྟེ་ཡོད་མི་དང་འཁྲིལ་བ་ཅིན་ བུམོ་འདི་གི་དགའ་མཐུན་འདི་གིས་ ཟུར་བཞག་ལྟེ་བའི་སྲུང་རྒྱབ་ཚུ་ལས་ གནང་བ་ལེན་ཏེ་ ཟུར་བཞག་ས་སྒོ་ནང་ལུ་ སོང་ཡོདཔ་སྦེ་ཨིན་ཨིན་མས།

ཨིན་རུང་ ནད་གཞི་ཐོབ་མི་ནདཔ་འདི་གིས་ དེ་སྦེ་ ཉེས་འཛུགས་བཀལ་མི་འདི་ལུ་ ཁས་ལེན་མ་བཏུབ་པའི་ཤུལ་ གསོ་བའི་བློན་པོ་གིས་ གནད་དོན་འདི་ ཞིབ་དཔྱད་འབད་ནིའི་དོན་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་གཏང་ནུག

 

གནས་ཚུལ་བསྡུ་ལེན་པ་ སངྱས་ཆོས་འཛོམས།

ཐིམ་ཕུག