གཟའ་པ་སངས། ༢༠༢༠ ཟླ་༤ པའི་སྤྱི་ཚེས་༢

རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མ་རྩ་གཞི་བཙུགས་ངེས་ཏིག་འདི་ ད་རུང་ར་ མར་ཕབ་འགྱོ་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ དུས་ཅི་ སྤྱི་ཟླ་༦པ་ཚུན་ཚོད་ འབྲུག་པའི་ཕྱིའི་བདོག་གཏད་འདི་ ཡུ་ཨེསི་ཌོ་ལར་ས་ཡ་སྟོང་ཕྲག་༡དང་ཚག་༢གུ་ལྷོད་དེ་ཡོདཔ་ད་ འདི་ཡང་ ན་ཧིང་ སྤྱི་ཟླ་༡༢པ་ཚུན་དང་འཕྱདཔ་ད་ བརྒྱ་ཆ་༡༦གིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ རྒྱལ་ཁབ་ཀྱི་བུ་ལོན་ཚུ་ ཡར་སེང་འགྱོ་སྟེ་རང་ཡོད་མི་དང་བསྟུན་ རྒྱལ་ཁབ་ཀྱི་ རྒྱལ་སྤྱིའི་མ་རྩ་གཞི་བཙུགས་ངེས་ཏིག་འདི་ དུས་ཅི་ ལོ་ཕྱེད་ཚུན་ཚོད་ ད་རུང་རང་ ཡུ་ཨེསི་ཌོ་ལར་ས་ཡ་༡༧༠གིས་ མར་ཕབ་སོང་སྟེ་སྦེ་འདུག

གནད་དོན་འདི་ཡང་ འཕྲལ་ཁམས་གཅིག་ཁར་ སྤྱི་ལོ་༢༠༡༩སྤྱི་ཟླ་༦པ་ཚུན་གྱི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་གསར་བཏོན་འབད་དེ་ཡོད་མི་ ཟླ་རིམ་གྱི་གནས་སྡུད་སྙན་ཞུ་དང་འཁྲིལ་ཏེ་ཨིན་མས།

སྙན་ཞུ་འདི་དང་འཁྲིལཔ་ད་ འབྲུག་པའི་རྒྱལ་སྤྱིའི་མ་རྩ་གཞི་བཙུགས་ཀྱི་གནད་དོན་འདི་ ཡུ་ཨེསི་ཌོ་ལར་ས་ཡ་སྟོང་ཕྲག་༢དང་ཚག་༦ཆད་དེ་ཡོདཔ་ད་ འདི་བཟུམ་སྦེ་ སྤྱི་ལོ་༢༠༡༨སྤྱི་ཟླ་༡༢པ་ཚུན་ཚོད་འབད་བ་ཅིན་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༢དང་ཚག་༤གིས་ མ་ལང་པར་ཡོདཔ་སྦེ་ཨིན་མས།

ཨིན་རུང་ གསོག་འཇོག་གི་བདོག་གཏད་འདི་ ཡུ་ཨེསི་ཌོ་ལར་ས་ཡ་སྟོང་ཕྲག་༡ཡོདཔ་ལས་ བརྒྱ་ཆ་༡༤དང་ཚག་༦གིས་རྩིས་ ཡར་སེང་སོང་སྟེ་སྦེ་འདུག

འདི་བཟུམ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་བསགས་མི་གི་གནད་དོན་འདི་ཡང་ ན་ཧིང་ སྤྱི་ཟླ་༡༢པ་ཚུན་ཚོད་ ཡུ་ཨེསི་ཌོ་ལར་ས་ཡ་༦༠འབད་ས་ལས་ ད་རེས་ ཡུ་ཨེསི་ཌོ་ལར་ས་ཡ་༦༣ལུ་ ཡར་སེང་སོང་སྟེ་ཡོདཔ་ཨིན་མས།

སྟེ་ བུ་ལོན་གྱི་ཐད་ཁར་ལྷོདཔ་ད་ འབྲུག་པའི་ཐད་ཀར་མ་རྩ་གཞི་བཙུགས་འདི་ བགོ་བཤའི་མ་རྩ་ཚུ་རྩིས་ཏེ་ ཡུ་ཨེསི་ཌོ་ལར་ས་ཡ་༡༥༡གུ་ ཡར་སེང་སོང་སྟེ་ཡོདཔ་ད་ འདི་ཡང་ སྤྱི་ལོ་༢༠༡༨ཀྱི་ལོ་མཇུག་བསྡུ་མི་དང་འཕྱདཔ་ད་ བརྒྱ་ཆ་༡༠གྱིས་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ སྙན་ཞུ་འདི་དང་འཁྲིལཔ་ད་ ཕྱིའི་བུ་ལོན་ཡོངས་བསྡོམས་ཀྱིས་ ཡུ་ཨེསི་ཌོ་ལར་ས་ཡ་སྟོང་ཕྲག་ཕྱེད་ད་༤གུ་ལྷོད་དེ་ཡོདཔ་ལས་ ན་ཧིང་ སྤྱི་ཟླ་༡༢པ་ཚུན་དང་འཕྱདཔ་ད་ བརྒྱ་ཆ་༨ཀྱིས་ ཡར་སེང་སོང་སྟེ་སྦེ་འདུག

ཕྱིའི་དངུལ་དང་གསོག་འཇོག་གི་གནད་དོན་འདི་ ན་ཧིང་ ལོ་མཇུག་མ་བསྡུ་ཚུན་ཚོད་ མར་ཕབ་འགྱོ་སྟེ་ཡོད་རུང་ ད་རེས་ ཚར་གཅིག་གུ་ བརྒྱ་ཆ་༤༨ཀྱིས་ ཡར་སེང་སོང་སྟེ་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༦པ་ཚུན་ཚོད་ ཡུ་ཨེསི་ཌོ་ལར་ས་ཡ་༡༢༦གུ་ ལྷོད་དེ་འདུག