གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

བསམ་རྩེ་ལུ་ སྨོན་ལམ་ཆེན་མོ་གནང་ས་ལུ་ མི་དབང་འབྲུག་རྒྱལ་༤་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ མཆོད་མེ་ཕུལ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ བསམ་རྩེ་ལུ་ སྨོན་ལམ་ཆེན་མོ་གནང་ས་ལུ་ ད་རིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་མི་དང་འབྲེལ་ མི་དབང་མཆོག་གི་ སྐུ་སྲོག་བྲག་ལས་བརྟན་ཐབས་ལུ་ མཆོད་མེ་ཚུ་ཕུལ་གནང་ནུག

མཆོད་མེ་འདི་ཡང་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་གྱིས་ དབུ་བཞུགས་མཛད་དེ་ ཕུལ་ཡོདཔ་ཨིན་མས།

འདི་མ་ཚད་ མི་དབང་མཆོག་གི་གུས་བཏུད་ལུ་ ལས་ཚོགས་སློབ་དཔོན་གྱིས་ ནོར་ཚེ་མཐར་བཏང་ནི་གི་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།