གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

འབྲུག་རྒྱལ་ཁབ་ཀྱིས་ ཆུ་ཤོག་གི་ཐབས་ཤེས་ཀྱི་ རྟགས་མའི་ལས་རིམ་ནང་ལས་ ཨང་༢ པ་འཐོན་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༩

༉ འབྲུག་རྒྱལ་ཁབ་ཀྱིས་    བེང་ཀོག་ལུ་ཡོད་པའི་    ཡུ་ནིས་ཀོ་གི་རྒྱལ་སྤྱི་ལས་རིམ་ཐེངས་དང་པའི་ ཤུ་ཆོག་གི་ཐབས་ལམ་གྱི་རྟགས་མའི་ ལས་རིམ་ནང་ལས་ ཨང་གཉིས་པ་ཐོན་ཏེ་འདུག

ལས་རིམ་འདི་ནང་ལུ་ ཊེཤ་ཀྲེག་བྷུ་ཊན་ཟེར་མི་གིས་ གྲལ་ཁར་གཏོགས་ཡོདཔ་ད་ ཊེཤ་ཀྲེག་བྷུ་ཊན་ཟེར་མི་འདི་ཡང་ འབྲུག་ལུ་ ཕྱགས་བརྡར་གྱི་ལས་རིམ་ཚུ་འགོ་འདྲེན་འཐབ་ཞིན་ན་ ཡོངས་འབྲེལ་ནང་ལུ་ པར་འདི་ཚུ་བཙུགས་ཏེ་ གོ་བརྡ་སྤེལ་ནི་ནང་ གཙོ་བོར་བཟུང་མི་ཅིག་ཨིན་མས།

ཊེཤ་ཀྲེག་བྷུ་ཊན་གིས་ འདི་བཟུམ་གྱི་ལཱ་འབད་ནི་གི་སེམས་ཤུགས་འདི་ཡང་ རྒྱལ་སྤྱི་གི་ནང་ལུ་ཡོངས་གྲགས་ཐོན་ཏེ་ཡོད་པའི་  ཊེཤ་ཀྲེག་གདོང་ལེན་ཟེར་མི་ནང་ལས་ཐོབ་སྟེ་འདུག

འགྲན་བསྡུར་འདི་གི་གྲུབ་འབྲས་འདི་ཡང་ ཁ་ཙ་ བེང་ཀོག་ལུ་ཡོད་པའི་ ཡུ་ནིས་ཀོ་ཡིག་ཚང་གི་ གཞུང་འབྲེལ་ཕེས་བུཀ་ནང་ལུ་ གསལ་བསྒྲགས་འབད་དེ་འདུག

རྒྱལ་སྤྱི་གི་ལས་རིམ་འདི་ནང་ལུ་ དོ་འགྲན་འབད་ནི་གི་ཞུ་ཡིག་འདི་ སྤུ་ན་ཁ་      ལོག་སྦིས་ས་འབྲིང་རིམ་སློབ་གྲྭ་འོག་མའི་སློབ་དཔོན་གཅིག་གིས་ བཙུགས་ཏེ་འདུག

སློབ་དཔོན་འདི་ ཊེཤ་ཀྲེག་བྷུ་ཊན་གི་ཆ་ཤེས་ལས་རིམ་ཅིག་སྦེ་ ཕྱགས་བརྡར་རྐྱབ་ནི་གི་ལས་རིམ་ འགོ་བཙུགས་མི་ཅིག་ཡང་ཨིན་མས།

འབྲུག་རྒྱལ་ཁབ་ཀྱིས་ ཆུ་ཤོག་གི་ཐབས་ཤེས་ལས་རིམ་འདི་ནང་ལས་ རྟགས་མ་ཐོབ་ནི་ཨིནམ་མ་ཚད་ ཕྱགས་བརྡར་དང་འབྲེལ་བའི་ལཱ་དང་ལས་རིམ་འབད་དེ་ཡོད་མི་ཚུ་ཡང་ འབྲེལ་ཡོད་ཡོངས་འབྲེལ་ཚུ་ནང་ལས་ཕར་ གསལ་སྟོན་འབྱུང་ནི་ཨིན་མས།

ལས་རིམ་འགོ་འདྲེན་འཐབ་མི་དང་འཁྲིལ་བ་ཅིན་ ལས་རིམ་འདི་གིས་ ཆུ་ཤོག་གི་ཕྱགས་སྙིགས་མར་ཕབ་འབད་ནི་ནང་ བརྩོན་ཤུགས་སྐྱེད་མི་སློབ་གྲྭ་དང་གཙུག་ལག་སློབ་སྡེ་ དེ་ལས་ གཞན་མི་སྤེལ་ཁང་ཚུ་ མཉམ་ཅིག་འཛོམས་བཅུག་ཞིན་ན་ ངོས་འཛིན་འབྱུང་ནི་གི་གོ་སྐབས་ཅིག་ཨིན་ཟེར་བཤད་ཅི།