གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

དགེ་ལེགས་ཕུག་ལུ་ ཕོ་རྒས་ཅིག་གིས་ཕུངཔོ་ཐོབ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༩

༉ དགེ་ལེགས་ཕུག་ལུ་ཡོད་པའི་ པདྨ་ཐང་གཡུས་ཚན་ནང་ལུ་ ཁ་ཙ་ ཚལ་མ་ནང་ ཕོ་རྒས་ཅིག་གིས་ཕུངཔོ་ ཐོབ་སྟེ་སྦེ་འདུག

གསོ་བའི་འགོ་དཔོན་ཚུ་དང་འཁྲིལ་པ་ཅིན་ སྐྱེ་ལོ་༤༠་ཞེ་གྲངས་དང་༥༠་གི་བར་ན་འབད་མི་ ཚེ་འདས་ཕོ་རྒས་འདི་ཡང་ བདུན་ཕྲག་༡་དེ་ཅིག་གི་ཧེ་མ་ལས་ གྱོངས་སོངཔ་བཟུམ་ཅིག་འདུག་ཟེར་ཨིན་མས།

འདི་དང་གཅིག་ཁར་ དགེ་ལེགས་ཕུག་རྒཔོ་གིས་སླབ་མི་ནང་ ད་ལྟོ་ཚུན་ཚོད་ རྒེད་འོག་བདག་སྐྱོང་ལུ་ མི་ བྱང་ཡོད་པའི་སྙན་ཞུ་ཚུ་ ག་ནི་ཡང་མ་ལྷོད་ཟེར་བཤད་ཅི།

ད་རེས་ གནད་དོན་འདི་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ར་འདུག