གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

བཀྲིས་སྒང་ལུ་ རྒས་ཤོས་ཚུ་གི་རྐང་རྩེད་འགྲན་བསྡུར།

སྤྱི་ཟླ་༩ པའི་ཚེས་ ༩ ༢༠༡༩

༉ བཀྲིས་སྒང་ལུ་ རྒས་ཤོས་ཚུ་གི་རྐང་རྩེད་འགྲན་བསྡུར་ནང་ལས་ ད་རིས་ མཐའ་དཔྱད་རྩེད་འདྲེན་གྱི་སྐབས་ བཀྲིས་སྒང་རྫོང་ཁག་གི་སྡེ་ཚན་གྱིས་ བཀྲིས་པོལ་སྡེ་ཚན་འདི་ ཕམ་བཏང་ཡི།

འགྲན་བསྡུར་འདི་ མཇུག་བསྡུ་སྟེ་སྐར་མ་༩༠་འགྱོ་ད་ སྡེ་ཚན་༢་ཆ་རའི་ཧོངས་ལས་ གཱོལ་༢་རེ་ འདྲན་འདྲ་བཙུགས་ཡོདཔ་ལས་ དུས་ཚོད་འཐེབ་སྦེ་རྩེད་འགྲན་འབད་བའི་སྐབས་ བཀྲིས་བསྒང་རྫོང་ཁག་གྱིས་ གཱོལ་བཙུགས་ཏེ་སྦེ་ རྒྱལ་ཁ་ཐོབ་ནུག

རྩེད་འགྲན་འདི་ནང་ལུ་ པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བཀྲིས་གཡང་རྩེ་དང་ བཀྲིས་སྒང་རྫོང་ཁག་ནང་ལས་ སྡེ་ཚན་༢༡་གིས་ དོ་འགྲན་འབད་ཡོདཔ་ཨིན་མས།