གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

འཛམ་གླིང་ཇུ་དོ་གི་འགྲན་བསྡུར་ནང་ལུ་ འབྲུག་པའི་ཇུ་དོ་རྩེད་འགྲན་པ་ཕམ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༩

༉ དུས་ཅི་གི་ འཛམ་གླིང་ཇུ་དོ་གི་འགྲན་བསྡུར་ནང་ལུ་ འབྲུག་རྒྱལ་ཁབ་ཀྱིས་གོ་སྐབས་ལེན་ནི་འདི་ ད་རིས་ འབྲུག་པའི་ཇུ་དོ་རྩེད་འགྲན་པ་ རྟ་མགྲིན་དབང་ཕྱུག་ ཕམ་མི་དང་འབྲེལ་མཇུག་བསྡུ་སྟེ་འདུག

རྟ་མགྲིན་དབང་ཕྱུག་གིས་ རྩེད་འགྲན་འདི་ཡང་ འཛམ་གླིང་ནང་ལུ་ ཇུ་དོ་གི་གནས་རིམ་༡༧༠པའི་ནང་ཚུད་དེ་ཡོད་པའི་ རྩེད་འགྲན་པ་དང་གཅིག་ཁར་ དོ་འགྲན་འབད་དེ་ཡོདཔ་ཨིན།

འབྲུག་པའི་ཇུ་དོ་རྩེད་འགྲན་པ་ གཞན་མི་གཉིས་ཀྱིས་ཡང་ བསྐོར་ཐེངས་དང་པའི་ནང་ལུ་རང་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ་ཨིན་མས།

འབྲུག་རྒྱལ་ཁབ་ཀྱིས་ འཛམ་གླིང་ ཇུ་དོ་གི་འགྲན་བསྡུར་ནང་ལུ་ གྲལ་ཁར་གཏོགས་མི་འདི་ ད་རེས་ འགོ་དང་པ་ཅིག་ཨིནམ་ད་ ལས་རིམ་འདི་ཡང་ རྒྱལ་སྤྱིའི་ཇུ་དོ་ཚོགས་པ་གིས་ ལོ་བསྟར་བཞིན་དུ་ར་ འགོ་འདྲེན་འཐབ་ཨིན་མས།