གཟའ་ཟླ་བ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༧

ལྷོ་ཨེ་ཤི་ཡན་རྐང་རྩེད་འགྲན་བསྡུང་ནང་ལས་ འབྲུག་པའི་སྡེ་ཚན་འདི་ ཤྲི་ལངྐ་ལས་ཕམ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༢ ༢༠༡༩

༉ རྒྱ་གར་ཀཱོལ་ཀ་ཏ་ལུ་སྦེ་ འགོ་འདྲེན་འཐབ་ནི་འགོ་བཙུགས་ཏེ་ཡོད་མི་ ལྷོ་ཨེ་ཤི་ཡན་རྐང་རྩེད་ཚོགས་པའི་ སྐྱེས་ལོ་༡༥མན་ཆད་ཀྱི་ བུཚ་ཚུ་གི་རྐང་རྩེད་འགྲན་བསྡུར་ནང་ལུ་ འབྲུག་པའི་སྡེ་ཚན་འདི་ ད་རིས་ ཤྲི་ལངྐ་གི་སྡེ་ཚན་ལས་ ཕམ་སོང་ཡི།

རྩེད་འགྲན་གྱི་སྐབས་ལུ་ འབྲུག་པའི་སྡེ་ཚན་གྱིས་ འགོ་ཐོག་ གཱོལ་༢བཙུགས་ཡོདཔ་ཨིན་རུང་ ཤུལ་ལས་ ཤྲི་ལངྐ་གིས་ གཱོལ་༣བཙུགས་ཡོདཔ་ལས་ འབྲུག་པའི་སྡེ་ཚན་འདི་ ཕམ་སོངཔ་ཨིན།

འབྲུག་པའི་སྡེ་ཚན་གྱིས་ གཟའ་སྤེནམ་གི་ཚེ་ ན་ཧིང་ འགྲན་བསྡུར་འདི་ནང་ལས་དྲག་ཤོས་ཐོན་ཏེ་ཡོད་མི་ བང་ལ་དེཤ་གི་སྡེ་ཚན་དང་ཅིག་ཁར་ རྩེད་འགྲན་འབད་ནི་གི་ལས་རིམ་འདུག

འགྲན་བསྡུར་འདི་ནང་ལུ་ འབྲུག་དང་བང་ལ་དེཤ་ ཤི་རི་ལངྐ་དང་རྒྱ་གར་ དེ་ལས་ སྦལ་བུ་རྒྱལ་ཁབ་ཚུ་གིས་ དོ་འགྲན་འབད་དོ་ཡོདཔ་ཨིན།

མཐའ་དཔྱད་འགྲན་བསྡུར་འདི་ཡང་ སྤྱི་ཟླ་འདི་གི་སྤྱི་ཚེས་༣༡གི་ཚེས་ འགོ་འདྲེན་འཐབ་ནི་གི་ ལས་རིམ་འདུག