གཟའ་ཕུར་བུ། ༢༠༡༩ ཟླ་༦ པའི་སྤྱི་ཚེས་༡༩

ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གཉིས་ རང་དབང་གི་ལས་སྡེ་ཅིག་སྦེ་བཟོ་མི་འདི་གིས་ཕན་ཐོགས།

སྤྱི་ཟླ་༦ པའི་ཚེས་ ༥ ༢༠༡༩

༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ད་རིས་ བུམ་ཐང་ ཆུ་མིག་ཨུ་ར་གི་འཐུས་མི་ ཀརྨ་དབང་ཕྱུག་གིས་ མོང་སྒར་དང་དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གཉིས་ རང་དབང་གི་ལས་སྡེ་ཅིག་སྦེ་ བཟོ་ནི་སྦེ་ཡོད་མི་གི་དམིགས་ཡུལ་དང་ ཁེ་ཕན་ཚུ་གི་སྐོར་ལས་ དྲི་བ་ཞུ་ཡི།

འདི་ལུ་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ཞུ་མི་ནང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གཉིས་ རང་དབང་གི་ལས་སྡེ་ཅིག་སྦེ་བཟོ་མི་འདི་གིས་ རྒྱལ་ཁབ་ནང་ལུ་ ཐོན་སྐྱེད་ཚད་ཅིག་ལས་བརྒལ་མེད་མི་འདི་ ལེགས་ཤོམ་སྦེ་རང་ ལག་ལེན་འཐབ་ནི་ནང་ལུ་ ཕན་ཐོགས་འབྱུང་འོང་ཟུར་ཞུ་ཡི།

ད་རུང་ བློན་པོ་གིས་འབད་བ་ཅིན་ ད་རེས་ རྫོང་ཁག་གཞན་ཁ་ལས་ ལཱ་ཁག་སྦེ་ གསོ་བའི་མཁས་མཆོག་གི་ཞབས་ཏོག་དོན་ལུ་ མི་ཚུ་གིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ འོང་དགོཔ་ཐོན་དོ་ཡོདཔ་ལས་ དུས་ཚོད་དང་ཟད་འགྲོ་གཉིས་ཆ་རའི་ཐད་ཁར་ སྟབས་མ་བདེཝ་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ བློན་པོ་གིས་ཞུ་མི་ནང་ རྒྱལ་ཁབ་ནང་ལུ་ ད་རེས་ གསོ་བའི་མཁས་མཆོག་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ལས་ གནད་དོན་འདི་ སེལ་ནི་གི་ཐབས་ལུ་ མ་འོངས་པའི་ནང་ལུ་ གཙོ་བསྟེན་སྨན་ཁང་འདི་ཚུ་ སློབ་སྟོན་འབད་སའི་ སྤེལ་ཁང་ཅིག་སྦེ་ཡང་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་སྦེ་ཨིན་མས།