གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

རྒྱལ་སྤྱི་ཀེཝ་རུ་གི་ཊའི་ཀཱོན་ཌོ་གི་ འགྲན་བསྡུར་ནང་ལས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༥ ༢༠༡༩

༉ ཐིམ་ཕུག་ལུ་སྦེ་འགོ་འདྲེན་འཐབ་སྟེ་ཡོད་མི་ རྒྱལ་སྤྱི་ཀེཝ་རུ་གི་ཊའི་ཀཱོན་ཌོ་གི་ འགྲན་བསྡུར་ཐེངས་༥པ་ནང་ལས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ རྒྱལ་སྤྱི་པཱུམ་སེ་༽གི་འགྲན་བསྡུལ་ཐེངས་༤པ་ནང་ལུ་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་ཀྱིས་ རྒྱལ་ཁ་ཐོབ་ནུག

ཀེཝ་རུ་གི་དང་པཱུམ་སེ་གཉིས་ཆ་ར་གི་མཐའ་དཔྱད་རྩེད་འགྲན་འདི་ ཁ་ཙ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

ཉིནམ་གསུམ་གྱི་རིང་འགོ་འདྲེན་འཐབ་མི་ འགྲན་བསྡུར་འདི་ནང་ལུ་ འབྲུག་དང་རྒྱ་གར་ དེ་ལས་ སྦལ་བུ་དང་མ་ལ་ཤི་ཡཱ་རྒྱལ་ཁབ་༤གི་ནང་ལས་ མི་༢༣༠་གིས་ གྲལ་ཁར་གཏོགས་ནུག

འདི་བསྒང་ ཁོང་ཆ་ཁྱབ་ཀྱིས་ ཀེཝ་རུ་གི་དང་དང་པཱུམ་སེ་གི་ དབྱེ་ཁག་མ་འདྲཝ་ནང་ལུ་ དོ་འགྲན་འབད་ཡོདཔ་ཨིན་མས།

འབྲུག་ཊའི་ཀཱོན་ཌོ་ཚོགས་པ་ནང་ལས་ སྒྲོལ་མ་དབང་ཕྱུག་གིས་སླབ་མི་ནང་ འབྲུག་རྒྱལ་ཁབ་ཀྱིས་ ལྷོ་ཨེ་ཤ་ཡ་གི་ལས་རིམ་ནང་ལས་ཡང་ རྟགས་མ་ཚུ་ཐོབ་ནི་གི་ གོ་སྐབས་འདུག་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ ཨ་ལུ་མང་ཤོས་ཅིག་རང་ ཊའི་ཀཱོན་ཌོ་ལུ་སྤྲོ་བ་ཡོདཔ་མི་དང་འབྲེལ་ ཚོགས་པ་འདི་ནང་ལུ་ འཛུལ་བར་འོང་ཡོདཔ་ད་ ཁོང་གི་ཁ་ཐུག་ལས་འབད་རུང་ སྦྱོང་བརྡར་ཚུ་འབྱིན་ཏེ་རང་ ཡོདཔ་སྦེ་ཨིན་མས།

འབྲུག་ཊའི་ཀཱོན་ཌོ་ཚོགས་པའི་ནང་ལས་ འཕྲུལ་རིག་མདོ་ཆེན་ སྒྲོལ་མ་དབང་ཕྱུག་གི་བཀོད་མི་ནང་ རྩེད་འགྲན་འདི་ནང་ལུ་ལེགས་ཤོམ་འབད་ཚུགས་མི་ཨ་ལུ་ཚུ་ ཟླ་༡༢པའི་ནང་ལུ་འགོ་འདྲེན་འཐབ་ཨིན་མི་ ཨེ་ཤི་ཡཱན་རྩེད་འགྲན་གྱི་དོན་ལས་ གདམ་འཐུ་འབད་འོང་ཟེར་བཤད་ཅི།

འདས་པའི་ ཨེ་ཤི་ཡཱན་གྱི་ལས་རིམ་ནང་ལུ་ འབྲུག་རྒྱལ་ཁབ་ཀྱིས་ ཀོ་ཊར་ཕའི་ནལ་ནང་ལུ་ལྷོད་ཡོདཔ་ཨིན་རུང་ རྟགས་མ་ཚུ་ འཐོབ་མ་ཚུགསཔ་ཨིན་མས།

ཚོགས་པ་འདི་གིས་འབད་བ་ཅིན་ དུས་ཅི་ རྟགས་མ་དག་པ་ཅིག་འདི་ ཐོབ་ཚུགས་པའི་རེ་བ་ཡོདཔ་སྦེ་ཨིན་མས།