གཟའ་ཉི་མ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢

གཞུང་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་འདི་ བཟོ་བསྐྲུན་མི་འབད་ནི་སྦེ་ གསལ་ཞུ་ཕུལ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༩

༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ད་རིས་ གཞུང་གིས་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་འདི་ བཟོ་བསྐྲུན་མི་འབད་ནི་སྦེ་ གསལ་ཞུ་ཕུལ་ཡི།

ལྕམ་མཁར་ཆུ་གློག་མེ་ལས་འགུལ་ བཟོ་བསྐྲུན་འབད་ནི་སྦེ་ འཆར་གཞི་བརྩམ་སྟེ་སྦེ་ ད་རེས་འབདཝ་ད་ ལོ་༡༥ལྷགཔ་ཅིག་འགྱོ་ཡོདཔ་ད་ ལས་འགུལ་འདི་ སྤྱི་ལོ་༢༠༡༥ལུ་ འདས་པའི་གཞུང་གི་གནས་ཡུན་སྐབས་ལུ་ འགོ་བཙུགས་དགོཔ་ཅིག་ཨིན་མས།

གནད་དོན་འདི་ལུ་ བསྟན་རྒྱས་བློན་པོ་ ལོག་ནཊ་ཤར་མ་གིས་ཞུ་མི་ནང་ དཔལ་འབྱོར་གྱི་མཁས་པ་ཚུ་དང་ རང་བཞིན་མཐའ་འཁོར་གནས་སྟངས་ཚུ་གིས་མཁས་མཆོག་ཚུ་གིས་ ལས་འགུལ་འདི་ ཉེན་ཁ་ཆེ་སུ་ཅིག་ཡོདཔ་སྦེ་ སློབ་དོ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ སུང་ཀོཥ་གྱི་གློག་མེ་ལས་འགུལ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་སྦེ་ཞུ་ཡི།

ད་རུང་ བློན་པོ་གིས་ཞུ་མི་ནང་ ལས་འགུལ་འདི་བཟོ་བསྐྲུན་འབད་བ་ཅིན་ མཐའ་འཁོར་ལུ་ གནོད་པ་སྦོམ་སྦེ་རང་འབྱུང་ནི་ཨིནམ་མ་ཚད་ ལས་འགུལ་འདི་ལུ་ ཟད་འགྲོ་སྦོམ་སྦེ་རང་ གནས་ནི་ཨིནམ་ལས་ འདི་ནང་ལས་འཐོབ་མི་འོང་འབབ་ཀྱིས་ ཟད་འགྲོ་བདའ་ཟུན་པར་ ལཱ་ཁག་བཏང་འོང་ཟེར་ཨིན་མས།

འདི་ལུ་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ཞུ་མི་ནང་ ཁེངས་རིག་རྣམ་གསུམ་གྱི་མི་སེར་ཚུ་ གཞུང་ལུ་བལྟ་སྟེ་དབུགས་འགམ་སྟེ་ སྡོད་འོང་ཟེར་ཨིནམ་ད་ འདི་ཡང་ ཧེ་མ་འབད་བ་ཅིན་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་རྐྱབ་ནི་འདི་ གཙོ་རིམ་དང་པ་ཅིག་ཨིན་རུང་ ལོ་ལེ་ཤ་ཅིག་གི་རིང་ལུ་ གྲོས་བསྡུར་འབད་མི་འདི་ ད་རེས་ གཞུང་གིས་ འདི་འཕྲོ་ལས་ ཆ་མེད་བཏང་ནི་འདི་གིས་ཨིནམ་སྦེ་ཞུ་ཡི།

ད་རུང་ འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ཞུ་མི་ནང་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་རྐྱབ་ནི་གི་དོན་ལས་ འཆར་གཞི་ཚུ་ ཧེ་མ་ལས་རང་ བཟོ་ཚར་ཏེ་ཡོད་ཟེར་ཨིན་མས།

ཨིན་རུང་ མི་ཚུ་གིས་ ད་ལས་ཕར་ ལྕམ་མཁར་ཆུ་གློག་མེ་ལས་འགུལ་གྱི་ཚབ་ལུ་ སཱུན་ཀོཤ་གློག་མེ་ལས་འགུལ་འདི་ མཐོང་ཚུགས་ནི་ཨིན་མས།