གཟའ་ཉི་མ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢

པདྨ་དགའ་ཚལ་ གསེར་བསྡུ་བ་སྤྱི་འོག་ནང་ལུ་ སོ་ནམ་ཞིང་ལམ་སེལ་བའི་བསྒང་།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༩

པདྨ་དགའ་ཚལ་ གདུང་སྨད་རྒེད་འོག་གི་ གསེར་བསྡུ་བ་སྤྱི་འོག་ནང་ལུ་ མི་སེར་ཚུ་གིས་ ཕྲལ་ཁམས་ཅིག་ཁར་ སོ་ནམ་ཞིང་ལམ་བསལ་ནི་འགོ་བཙུགས་ཏེ་ཡོདཔ་ལས་ སྤྱི་འོག་འདི་ནང་གི་མི་སེར་ཚུ་གིས་ ཧེ་མ་བཟུམ་སྦེ་ དཀའཝ་སྤྱོད་མི་དགོ་ནི་ཨིནམ་མ་ཚད་ སོ་ནམ་གྱི་ཐོན་སྐྱེད་ཚུ་ཡང་ ཚོང་འབྲེལ་འཐབ་ནི་ནང་ སྟབས་བདེ་ཏོག་ཏོ་འགྱོ་ནི་ཨིན་མས།

སོ་ནམ་ཞིང་ལམ་འདི་ སེལ་ཚར་བའི་བསྒང་ལས་ བལ་ནང་དགོན་པ་དང་ མང་ཐང་རི་གཡུས་ཚན་གྱི་མི་སེར་ལུ་ ད་ལྟོ་ཚུན་ཚོད་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ དཀའཝ་དཔྱད་མི་འདི་ བསལ་ཚུགས་ནི་ཨིན་མས།

ད་རེས་འབད་བ་ཅིན་ གདུང་སྨད་རྒེད་འོག་ གསེར་བསྡུ་བ་སྤྱི་འོག་གི་མི་སེར་ཚུ་ ཉེ་འདབས་ཀྱི་འཁོར་ལམ་ཡོད་སར་ལྷོད་ལྷོད་ དུས་ཡུན་ཆུ་ཚོད་༣་དེ་ཅིག་ རྐང་སྟོང་སྦེ་ འགྱོ་དགོཔ་ཐོན་ཏེ་འདུག

གདུང་སྨད་རྒཔོ་ ཨྱོན་ཚེ་རིང་གིས་བཀོད་མི་ནང་ མི་སེར་ཚུ་རང་གོ་རང་དྲོངས་བཟོ་ནི་གི་དོན་ལས་ སོ་ནམ་ཞིང་ལམ་འདི་ མེད་ཐབས་མེདཔ་ཅིག་འབདཝ་ལས་ རྒེད་འོག་བདག་སྐྱོང་གི་ཧོངས་ལས་ མ་དངུལ་དངུལ་ཀྲམ་ས་ཡ་༣་དེ་ཅིག་གནས་པའི་ ལས་འགུལ་འདི་ འགོ་བཙུགས་ཡོདཔ་སྦེ་བཤད་ཅི།

ཀི་ལོ་མི་ཀྲར་ཕྱེད་ད་༦་ལྷགཔ་ཅིག་འབད་མི་སོ་ནམ་ཞིང་ལམ་འདི་ ཟླ་ངོ་༡༠་དེ་ཅིག་གི་ནང་ལུ་ བསལ་ཚར་བའི་རེ་བ་བསྐྱེད་དོ་ཡོདཔ་ད་ ལམ་འདི་གིས་ ཁྱིམ་གུང་པ་༣༥་དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་མས།