གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

རྒྱལ་སྤྱིའ་ཏའི་ཀཱོན་ཌོ་གི་འགྲན་བསྡུར་ནང་ སྐམ་སྦྱིས་སློབ་གྲྭ་ལྟེ་བ་གིས་ ཨང་དང་པ་འཐོན་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༩

༉ ཕུན་ཚོགས་གླིང་ལུ་ ཉིནམ་༢་ཀྱི་རིང་ལུ་ འགོ་འདྲེན་འཐབ་སྟེ་ཡོད་པའི་ རྒྱལ་སྤྱིའ་ཏའི་ཀཱོན་ཌོ་གི་འགྲན་བསྡུར་འདི་ནང་ལས་ སྐམ་སྦྱིས་སློབ་གྲྭ་ལྟེ་བ་གིས་ རྟགས་མ་༢༧་ཐོབ་སྟེ་ ཨང་དང་པ་འཐོན་ཡི།

ཁ་ཙ་ མཇུག་བསྡུ་མི་འགྲན་བསྡུར་འདི་ནང་ལུ་ ཆུ་ཁ་དང་བསམ་རྩེ་ དེ་ལས་ ཐིམ་ཕུག་དང་ རྒྱ་གར་རྒྱལ་ཁབ་ཀྱི་ ཏའི་ཀཱོན་ཌོ་གི་ཚོགས་ཕྲན་ཚུ་གི་ནང་ལས་ ཡུདཔ་ཅིག་ སློབ་ཕྲུག་༣༠༠་མ་ལངམ་ཅིག་གིས་ དོ་འདྲན་འབད་ནུག

ཁོང་སློབ་ཕྲུག་ཆ་ཁྱབ་ཀྱིས་ ཆེ་རིམ་དང་བར་མ་ དེ་ལས་ ཆུང་རིམ་གྱི་དབྱེ་ཁག་ཚུ་ནང་ལུ་ དོ་འགྲན་འབད་ཡོདཔ་ཨིན་མས།