གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

བཀྲིས་དབང་འདུས་ཀྱིས་ རྒྱ་གར་ལུ་ ལི་གི་རྟགས་མ་ཐོབ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༤ ༢༠༡༩

༉ རྒྱ་གར་གྱི་རྒྱལ་སྤྱི་མཛོ་ཁྱད་འགྲན་བསྡུར་ནང་ལས་ འབྲུག་ལས་ མཛོག་ཁྱད་མཇལ་མི་ བཀྲིས་དབང་འདུས་ཀྱིས་ ལི་གི་རྟགས་མ་ ཐོབ་ནུག

བཀྲིས་དབང་འདུས་ཀྱིས་ ད་རིས་ མཐའ་དཔྱད་འགྲན་བསྡུར་འོག་མ་ནང་ལུ་ རྒྱ་གར་གྱི་མཛོག་ཁྱད་མཇལ་མི་གཅིག་དང་དོ་འགྲན་འབད་བའི་སྐབས་ ཕམ་སོང་ནུག

མཛོག་ཁྱད་འགྲན་བསྡུར་འདི་ཡང་ རྒྱ་གར་ ཨ་སམ་མངའ་སྡེ་གི་ གཱོ་ཧཱ་ཊི་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་རང་ ཡོདཔ་ཨིན།

འགྲན་བསྡུར་འདི་ནང་ལུ་ འབྲུག་ལས་ ཨམ་སྲུ་༢རྩིས་ཏེ་ མཛོག་ཁྱད་མཇལ་མི་༩གིས་ དོ་འགྲན་འབད་ཡོདཔ་ད་ འགྲན་བསྡུར་འདི་ཡང་ རྒྱ་གར་གྱི་མཛོག་ཁྱད་ཚོགས་པའི་ ལོ་བསྟར་གྱི་ལས་རིམ་ཅིག་ཨིན་མས།