གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

ཉ་ཁག་ཅུ་ཚོང་ལཱ་འདི་ དངུལ་ཐོག་གསརཔ་ཅིག་ལུ་ འགྱུར་ཏེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༠ ༢༠༡༩

༉ བཀྲིས་སྒང་ གཡང་གཉེར་རྒེད་འོག་གི་ མཁར་ཟ་ལེ་ཕུག་སྤྱི་འོག་གི་མི་ཚུ་གི་དོན་ལུ་ ཉ་ཁག་ཅུ་འདི་ དངུལ་ཐོག་གསརཔ་ཅིག་ལུ་ འགྱུར་ཏེ་འདུག

ཉ་ཁག་ཅུ་འདི་ ཧེ་མ་ སྤྱི་འོག་འདི་ནང་ལུ་ བཙུགས་སྲོལ་མེད་རུང་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་རང་ ཉ་ཁག་ཅུ་ལུ་བརྩོན་ཤུགས་སྐྱེད་ནི་འགོ་བཙུགས་ཏེ་ ལོ་༨་དང་༩་དེ་ཅིག་ འགྱོ་དོ་ཡོདཔ་ཨིན་མས།

ས་གནས་འདི་ཁའི་མི་ཚུ་གིས་སླབ་མི་ནང་ ཉ་ཁག་ཅུ་གི་ལཱ་འདི་ དེ་ཅིག་རང་འབད་དགོཔ་མེད་རུང་ འབབ་ཁུངས་ཀྱི་ཐད་ཁར་ལྷོདཔ་ད་ ལེགས་ཤོམ་འདུག་ཟེར་བཤད་ཅི།

ཉ་ཁག་ཅུ་ཆག་པ་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠་རེ་སྦེ་བཙོང་དོ་ཡོདཔ་ལས་ མི་མང་ཤོས་ཅིག་གིས་རང་ ལོ་རེ་ནང་ འོང་འབབ་ཉུང་ཤོས་རང་ དངུལ་ཀྲམ་འབུམ་རེ་ བཟོ་ཚུགས་དོ་ཡོདཔ་ལས་ གཡུས་ཚན་འདི་ནང་གི་མི་སེར་སོ་ནམ་པ་ཚུ་གིས་ ཉ་ཁག་ཅུ་གི་ལཱ་འདི་ རྒྱ་ཆེཝ་སྦེ་འབད་ནི་གི་འཆར་གཞི་འདུག