གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

ཏམ་ཁུ་ཚད་གཞི་ལས་བརྒལ་འབག་ཡོད་མི་ལུ་བརྟེན་ དོ་དམ་འོག་ལུ་བཞག་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༩

༉ རྩི་རང་ལས་ སྐྱེས་ལོ་༤༢ ལང་ཡོད་མི་ཕོ་སྐྱེས་གཅིག་ ཏམ་ཁུ་ཚད་གཞི་ལས་བརྒལ་ཏེ་ འབག་ཡོད་མི་ལུ་བརྟེན་ རྩི་རང་གི་ཁྲིམས་སྲུང་འགག་པ་གིས་ དོ་དམ་འོག་ལུ་བཞག་ནུག

འདི་ཡང་ ཁྲིམས་སྲུང་འགག་པ་ཚུ་ དགེ་ལེགས་ཕུག་དང་རྩི་རང་གི་གཞུང་ལམ་ཁར་ གློ་བུར་ཞིབ་དཔྱད་འབད་བའི་སྐབས་ལུ་ ཕོ་རྒས་འདི་གིས་ ཏམ་ཁུ་ཚུ་འབག་སྟེ་ཡོདཔ་སྦེ་བདའ་ཟུན་ནུག

གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ ཕོ་སྐྱེས་འདི་ལས་ དངུལ་ཀྲམ་འབུམ་གསུམ་དེ་ཅིག་ གནས་པའི་ཏམ་ཁུ་ཚུ་ བཟུང་ཡོདཔ་སྦེ་ཨིན་མས།