གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

དར་དཀར་ན་རྫོང་ཁག་ནང་ལུ་ ཚལ་ལུའི་ཐོན་ཤུགས་ལེགས་ཤོམ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༣༠ ༢༠༡༨

༉ དར་དཀར་ན་རྫོང་ཁག་ སྒོ་བཞི་རྒེད་འོག་ནང་ལུ་ དུས་ཅི་ ཚལ་ལུའི་ཐོན་ཤུགས་ལེགས་ཤོམ་སྦེ་ཡོདཔ་ལས་ རྒེད་འོག་འདི་ནང་གི་མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ ཚལ་ལུའི་ལཱ་འབད་མི་ཚུ་གིས་ དུས་ཅི་ ཚལ་ལུའི་གོང་ཚད་ཚུ་ཡང་ འཐེབ་རྐྱབ་དོ་ཡོདཔ་ཨིན་མས།

ད་རེས་ ཚལ་ལུ་བཏོག་ནི་གི་དུས་ཚོད་རན་དོ་ཡོདཔ་ད་ སྤྱི་ཟླ་༡༢ པའི་ཟླ་ཕྱེད་དེ་ཅིག་ལས་ མི་སེར་ཚུ་གིས་ ཚལ་ལུ་ཚུ་བཙོང་སྟེ་ དངུལ་གྱི་འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་ནི་ཨིནམ་དང་ འདི་ཡང་ སྤྱིར་སྙོམ་ལུ་ ཁྱིམ་གུང་པ་རེ་གིས་ འོང་འབབ་དངུལ་ཀྲམ་ འབུམ་གཅིག་དེ་རེ་བཟོ་ཚུགས་དོ་ཡོདཔ་ཨིན་མས།

འདས་པའི་ལོ་༡༠ དེ་ཅིག་གི་རིང་ལུ་ མི་སེར་སོ་ནམ་པ་དང་ ཕྱིར་ཚོང་འཐབ་མི་ཚུ་ ཚལ་ལུ་ལས་བརྟེན་ཏེ་ རང་གི་འཚོ་བའི་ཐོན་སྐྱེད་ལས་ལྷག་སྟེ་ འོང་འབབ་བཟོ་ནི་ལུ་ ལྷན་ཐབས་བྱུང་ཡོདཔ་སྦེ་ཨིན་མས།

འདི་མ་ཚད་ དུས་ཅི་ ཚལ་ལུའི་རྡོག་མ་ཚུ་ དེ་ཅིག་རང་ ས་ཁར་འབུད་མ་འགྱོ་བར་ཡོདཔ་ལས་ ལེགས་ཤོམ་སྦེ་ བསྡུ་ཚུགས་པའི་རེ་བ་ཡོདཔ་ཨིན་མས།

ད་རེས་ ཁོང་ཚལ་ལུ་འཛུགས་སྐྱོང་འཐབ་མི་ཚུ་ལུ་ གདོང་ལེན་མཇུག་ཟེར་རུང་ སྤྱ་ཚུ་ལས་སྲུང་ནི་འདི་རང་ཨིན་རུང་ འདི་ཡང་ སྤྱ་ཚུ་ལས་སྲུང་ནིའི་དོན་ལས་ ཚོང་འབྲེལ་པ་ཚུ་གིས་ དངུལ་ཀྲམ་འབུམ་༡ འཐེབ་སྤྲོད་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ ཚལ་ལུའི་ཐོན་སྐྱེད་ཚུ་ ག་རང་ཁྲོམ་ཁར་བཙོང་ཚུགས་པའི་ རེ་བ་ཡོདཔ་ཨིན་མས།